ངང་བ་གཤོག་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ངང་བ་གཤོག་དམར་གྱི་རིང་ཚད་ལ་ལི་སྨི་50ཙམ་ཡོད།ཕོ་བྱའི་ལུས་སྟོད་མང་ཆེ་བ་ནི་མདོག་སྨུག་སྐྱ་དང་དཀར་ ཁྲ་ཡོད། གཤོག་པའི་སྟེང་དམར་མདོག་གི་ཐིག་ལེ་ཡོད་པ། གཤོག་ཤེལ་ནི་དཀར་པོ་ཡིན། མོ་བྱའི་ལུས་སྟོད་མང་ཆེ་བ་ནི་མདོག་ཁམ་ནག་ཡིན་ལ།ཁམ་མདོག་གི་ཁྲ་ཐིག་ཡོད་པ་རེད།

    ངང་བ་གཤོག་དམར་ནི་སའི་གོ་ལའི་ཕྱེད་བྱང་མར་ཁྱབ་ཅིང་།ཟླ་བཅུ་པར་བྱང་ཕྱོགས་ཀྱི་རྒྱུད་སྤེལ་ས་ཁུལ་ནས་ལྷོ་ཕྱོགས་ཀྱི་ས་ཆ་སོ་སོར་དགུན་སྐྱེལ་བྱེད་བཞིན་ཡོད། དགུན་སྐྱེལ་གྱི་དུས་སུ་ངང་བ་གཤོག་དམར་རྒྱུན་དུ་ཆུ་བོ་དང་།མཚེའུ།ཆུ་མཛོད།ཆུ་ཁུག།རྫིང་བུ།འདམ་གཞོང་སོགས་སྐམ་སའི་དབུས་ཁུལ་གྱི་ཆུ་ཁོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ལྷག་པར་དུ་ཆུ་སྐྱེས་རྩི་ཤིང་གི་རྒྱ་ཆེ་བའི་ཆུ་ཁོངས་སུ་འགུལ་སྐྱོད་བྱེད་པར་དགའ། རྒྱུན་དུ་ཁྱུ་ཆུང་བྱས་ནས་འགུལ་སྐྱོད་བྱེད་བཞིན་ཡོད་ལ།ངང་བ་གཞན་དང་ཁྱུ་འདྲེས་ནས་འགུལ་སྐྱོད་བྱེད་རྒྱུར་ཡང་དགའ།

    ངང་བ་གཤོག་དམར་ནི་ཆུ་སྐྱེས་རྩི་ཤིང་གཙོ་བྱས་པ་དང་།རྒྱུན་དུ་ཆུ་འགྲམ་གྱི་རྩྭ་གསེབ་ཏུ་ཟན་འཚོལ་བཞིན་ཡོད། ལྟོ་འཚོལ་སྐབས་རྒྱུན་དུ་མགོ་བོ་མར་ཕྱོགས་ཤིང་།མཇུག་མའི་སྟེང་དུ་འགྱེལ་ནས་ཆུ་ནང་དུ་ཟས་ཟ་བ་རེད ། ལྟོ་འཚོལ་བའི་དུས་ཚོད་མང་ཆེ་བ་ཞོགས་པ་དང་ས་སྲོད་ཡིན། ཉིན་དཀར་ཆུ་ངོས་སུ་ངལ་གསོ་བྱེད་ཀྱི་ཡོད། ཆུ་སྐྱེས་རྩི་ཤིང་ཟ་བ་ལས་གཞན།རྒྱུན་པར་མཚོ་ངོགས་སམ་ཞིང་ཁའི་ནང་དུ་རྩྭ་དང་རྩྭ་འབྲུ།ཁུ་ལྡན་ཤིང་འབྲས།འབྲུ་རྡོག་སོགས་འཚོལ་བཞིན་ཡོད།སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ངང་བ་གཤོག་དམར་ནི་ དགུན་དུས་རྒྱུན་མཐོང་གི་ཆུ་བྱ་ཞིག་ཡིན་པ་རེད།