སེམས་ཀྱི་ཉི་ཟླའི་ཡུལ་མིས་ཏོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་རིམས་འགོག་སྨན་ཁབ་རྒྱག་པའི་སྒོ་བསྟེན་སྨན་ཁང་དུ་ཚན་པ་ཁག་གི་ལས་དོན་མི་སྣ་དང་གྲོང་མི་ཁག་གཅིག་གིས་ཁ་རས་ཡག་པོ་བརྒྱབ་ནས་གོ་རིམ་ལྡན་པའི་ངང་འགོག་སྨན་རྒྱག་གི་ཡོད་པ་རེད།

     འགོག་སྨན་རྒྱག་མཁན་གྱི་སྨན་གཡོག་གིས་གསར་འགོད་པར་འགོག་སྨན་རྒྱག་པའི་བརྒྱུད་རིམ་ཐད་ནས་བཤད་ན།ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རིམས་འགོག་སྨན་ཁབ་གཞན་དང་འདྲ་བར་སྨན་ཁབ་རྒྱག་སྟངས་གཞི་རྩའི་སྟེང་ནས་ཁྱད་པར་མེད།སྨན་ཁབ་དང་པོ་རྒྱབ་ཚར་རྗེས་ཉིན་14དང་ཡང་ན་ཉིན་28ཀྱི་རྗེས་སུ་ཡང་བསྐྱར་སྨན་ཁབ་གཉིས་པ་རྒྱག་དགོས་ཞེས་བཤད་བྱུང་།

    འགོག་སྨན་མ་རྒྱབ་གོང་ལུས་པོའི་དྲོད་ཚད་ལ་བལྟས་ནས་མི་སྒེར་གྱི་ཆ་འཕྲིན་ཐོ་འགོད་དང་།ཁྲག་ཤེད་ཚད་འཇལ།ཨང་རྟགས་ཞིབ་བཤེར་ཐོ་འགོད་ཆ་འཕྲིན་བཟོས་ནས་རང་བཙུགས་ཡིག་ཚགས་བཟོས་ཏེ་སྨན་བཅོས་བྱེད་པའི་རྩ་གཉིས་ཨང་རྟགས་བཟོ་དགོས་པ་དང་།དེ་རྗེས་སྨན་པས་ཆ་རྐྱེན་དང་མཐུན་པའི་འགོག་སྨན་རྒྱག་མཁན་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་གསལ་བརྡ་གཏོང་དགོས་པ་དང་། འགོག་སྨན་གྱི་གནས་ཚུལ་གསལ་རྟོགས་དང་མོས་མཐུན་བྱུང་ན་གནས་ཚུལ་ཤེས་རྟོགས་དང་མོས་མཐུན་ཡི་གེ་བྲིས་ནས་ཐོ་འགོད་སྟེགས་བུའི་ཐོག་ཐོ་འགོད་བྱས་རྗེས། སྨན་ཁབ་ཁང་དུ་སོང་ནས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས།འགོག་སྨན་བརྒྱབ་ཟིན་རྗེས་ལྟ་ཞིབ་ཁུལ་དུ་སྐར་མ་30རིང་བརྟག་དཔྱད་བྱེད་དགོས་པ་དང་།རྒྱུན་ལྡན་མིན་པའི་སྣང་ཚུལ་མེད་ན་ཁ་བྲལ་ཆོག འགོག་སྨན་རྒྱག་སྐབས་ལས་བྱེད་མི་སྣས་ཡང་དང་བསྐྱར་དུ་འགོག་སྨན་རྒྱག་མཁན་གྱི་རུས་མིང་ཞིབ་བསྡུར་བྱས་ནས་ནོར་འཁྲུལ་མི་ཡོང་བ་བྱེད་བཞིན་ཡོད།

     འགོག་སྨན་རྒྱག་པའི་སྒོ་བསྟེན་ཁང་དུ།མངོན་གསལ་དོད་སར་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པའི་འཛེམ་བྱ་དང་དེ་བཞིན་སྨན་ཁབ་བརྒྱབ་རྗེས་དོ་སྣང་བྱེད་དགོས་པའི་དོན་ཚན་སོགས་སྦྱར་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་ཆར་ཉིན་ལྟར་མི་300ཙམ་ཡོང་ནས་རིམས་འགོག་སྨན་ཁབ་རྒྱག་པ་དང་།མང་དུས་མི་ཐེངས་600ཙམ་ཟིན་གྱི་ཡོད་པ་རེད།