ཆུ་བྱ་མཇུག་ལྕོག།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆུ་བྱ་མཇུག་ལྕོག་གི་ལུས་པོའི་རིང་ཚད་ལི་སྨི་65ཙམ་ཡོད་ལ། ཕོ་བྱའི་མགོ་སྨུག་པོ་དང་མགྲིན་པ་དཀར་པོ་ཡིན། གཞོགས་གཉིས་ལ་ཐལ་མདོག་གི་རླུང་གཡབ་འགྲོན་བུའི་དབྱིབས་ཀྱི་རི་མོ་ཡོད།  མཇུག་ནག་པོ་ཡིན།  དཀྱིལ་དབུས་ཀྱི་མཇུག་སྒྲོ་སྲིང་བ། གཤོག་གཉིས་ཐལ་མདོག་ཡིན་ལ་དེ་སྟེང་ཟངས་མདོག་གི་གཤོག་ཤེལ་ལྡན།  ཁོག་སྨད་དཀར་པོ་ཡིན།  མོ་བྱའི་གཟུགས་དབྱིབས་ཅུང་ཆུང་ལ་མདོག་སྨུག་སྐྱ་ཡིན།  ལུས་སྟོད་ལ་ནག་ཐིག་མང་།  ཁོག་སྨད་སེར་པོ་ཡིན།  བྲང་ཁར་ནག་ཐིག་ཡོད། གཤོག་གཉིས་ཐལ་མདོག་ཡིན་ལ་གཤོག་ཤེལ་སྨུག་པོ་ཡོད།  མཆུ་ཏོ་དང་རྐང་པ་ཐལ་མདོག་ཡིན།  མོ་བྱ་གཞན་པ་དང་གཟུགས་དབྱིབས་ཅུང་ཞི་འཇམ་བ་དང་མགོ་ཁམ་མདོག་ཡིན་པ།མཇུག་དབྱིབས་ཕྲ་བའི་ཁྱད་པར་ཡོད།

        ཆུ་བྱ་མཇུག་ལྕོག་དེ་ལོ་ལྟར་གྱི་ཟླ་11པའི་གཡས་གཡོན་བྱང་ཕྱོགས་ནས་ཡུན་ནན་ལ་དགུན་བསྐྱེལ་བར་ཡོང་། དགུན་བསྐྱེལ་བའི་རིང་ལ་ཚོགས་ཆུང་སྒྲིག་ནས་བྱ་འགུལ་སྤེལ་བ་དང་།  ཆུ་བྱ་གཞན་པ་དང་མཉམ་བསྲེས་ཀྱི་བྱ་འགུལ་སྤེལ་བའང་ཡོད། ཆུ་བྱ་མཇུག་ལྕོག་དགུན་བསྐྱེལ་བའི་རིང་ལ་རིགས་སོ་སོའི་ཆུ་བོ་དང་མཚེའུ།འདམ་རྫབ། ཚྭ་བུལ་འདམ་ར།  ཆུ་རྫིང་།  དེ་བཞིན་རྒྱ་ཆེ་བའི་མཚོ་རྒྱུད་ས་ཁུལ་དང་མཚོ་ཁུག་སོགས་སུ་འཚོ་གནས་བྱེད་དགའ། ཉིན་མོར་ཡངས་ཤིང་རྒྱ་ཆེ་བའི་མཚོ་ངོས་སུ་གཡེང་བ་དང་ངལ་གསོ་བྱེད་བ་མང་ལ།  ཞོགས་ནུབ་གཉིས་ཆུ་གཏིང་ཐུང་ས་དང་འདམ་རྫབ་རྒྱུད་ལ་ལྟོ་འཚོལ་བ་དགའ། ཆུ་བྱ་མཇུག་ལྕོག་གིས་ལྟོ་འཚོལ་དུས་མགོ་མར་འཁོར་བ་དང་མཇུག་ཡར་འཁོར་སྟེ་ཁོག་སྟོད་ཆུའི་ནང་འཛུལ་ནས་ཆུ་རྩྭ་དང་ཉ་སོགས་འཛིན།   ཉོན་མོར་ཆུ་ཡོད་པའི་འདམ་རྩྭའི་གསེབ་ཏུ་སྦས་བའམ་མཚོ་འགྲམ་དང་རྒྱང་ཐག་རིང་བའི་ཆུ་ངོས་སུ་གཡེང་བ་དང་ངལ་གསོ་བྱེད་པ་མང། ས་སྲོད་དང་མཚན་མོར་མཚོ་འགྲམ་གྱི་ཆུ་གཏིང་ཐུང་བའི་རྒྱུད་དུ་ལྟོ་འཚོལ་བར་ཡོང་།  གྲགས་འགུལ་ཅུང་ཙམ་ཡོད་ན་མྱུར་དུ་འཕུར་བྲལ།

        སེམས་ཀྱི་ཉི་ཟླ་ས་ཁུལ་དུ་ཆུ་བྱ་མཇུག་ལྕོག་ནི་དགུན་དུས་རྒྱུན་མཐོང་གི་ཆུ་བྱའི་རིགས་ཤིག་ཡིན།