འོ་མ་འཐུང་སྐབས་འདི་དག་མཉམ་དུ་ཟ་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-19   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        འོ་མས་མིའི་གཟུགས་པོར་ཕན་ཐོགས་ཆེན་པོ་ཡོད་པ་མི་མང་པོས་མཁྱེན་གྱི་ཡོད། ཡིན་ནའང་། གལ་སྲིད་འོ་མ་འཐུང་སྐབས་ཟས་རིགས་འདི་དག་བཟས་པ་ན། ཕན་རྒྱུ་ཕར་ཞོག །དེ་ལས་ལྡོག་སྟེ། གཟུགས་པོར་གནོད་ཀྱི་ཡོད། དེ་བས། ང་ཚོས་འོ་མ་འཐུང་དུས་འདི་དག་ལ་ཡིད་གཟབ་གནང་དགོས།

        1. འོ་མ་བཏུངས་པའི་སྔ་རྗེས་ཀྱི་ཆུ་ཚོད་གཅིག་གི་ནང་ཚུན་དུ་ཚ་ལུ་མ་ཟ་རྒྱུ་མེད། གལ་ཏེ་བཟས་པ་ཡིན་ན། འོ་མ་དང་ཚ་ལུ་མ་བསྡོམས་ནས་ཕོ་བས་འཇུ་དཀའ་བས་གྲོད་པ་བཤལ་བ་སོགས་ཡོང་སྲིད།

        2. འོ་མ་བཏུངས་རྗེས་དེ་མ་ཐག་ཤིང་ཏོག་གི་ཁུ་བ་འཐུང་རྒྱུ་མེད། གང་ཡིན་ཟེར་ན། ཤིང་ཏོག་གི་ཁུ་བས་འོ་མ་འཇུ་དཀའ་རུ་གཏོང་གི་ཡོད་པས། ཕོ་བར་ཞོར་སྐྱོན་བཟོ་ཡི་ཡོད།

        3. འོ་མ་སོས་པ་སྐོལ་སྐབས་དེ་མ་ཐག་མངར་ཆ་རྒྱག་རྒྱུ་མེད། ཡག་ཤོས་བྱུང་ན་འོ་མ་བསྐོལ་ནས་དུས་ཚོད་གང་མཚམས་སོང་རྗེས་གཞི་ནས་མངར་ཆ་བརྒྱབ་ན་འཚམ་པོ་ཡོད།

        ཞོར་དུ་ཞུ་རྒྱུར། མི་ཁ་ཤས་ཞོགས་པ་ཕོ་བ་སྟོང་པར་འོ་མ་འཐུང་རྒྱུར་དགའ་པོ་ཡོད། ཁོང་ཚོས་འདི་ལྟར་བྱས་ན། གཟུགས་པོར་ཕན་པ་ཆེ་སྙམ་མོད། དོན་དུ་འོ་མ་འཐུང་སྟངས་འདི་ཚན་རིག་དང་མཐུན་པ་ཞིག་མ་རེད། དེ་བས། ཞོགས་ཟས་བཟས་རྗེས་ཀྱི་ཆུ་ཚོད་གཅིག་ནས་གཉིས་ཀྱི་ནང་ཚུན་དུ་འཐུང་དགོས་སོ། །