ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ལ་བྱེད་སྒོ་དེ་དག་སྤེལ་རྩིས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-19   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

        2021ལོའི་ཟླ་3ཚེས་18ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅུ་དགུ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་ལྷ་ས་གྲོང་ཁྱེར་གྱི་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས།

        འོས་སྦྱོར་ཚོགས་འདུའི་ཐོག་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་གཞོན་པ་ཡུས་ཞའོ་ཅོན་གྱིས་ཤིས་ཚིག་སྒྲོན་པ་དང་འབྲེལ། སྐུ་མགྲོན་ཚོར་སྐབས་བཅུ་དགུ་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་བྱེད་སྒོའི་སྐོར་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་དང་སྐབས་དྲུག་པའི“ཁམ་བུའི་མེ་ཏོག་གི་སྲས་མོ”འདེམས་སྒྲུག་བྱེད་སྒོ་དང་། “ཁམ་བུའི་ར་བ་འཚོལ་བའི”དམངས་སྲོལ་ལུས་རྩལ་གྱི་རིམ་སྤེལ་བྱེད་སྒོ། ཀོང་པོའི་གངས་ལྗོངས་འཁྲུལ་སྣང་ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ། གངས་ལྗོངས་ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན། “ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཞིམ་ཟས་བྱེད་སྒོ་དང་ཉིང་ཁྲིའི་ལག་རྟགས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང”བྱེད་སྒོ། “འོད་མདངས་བཀྲ་བའི་སྐར་དགུང”ལ་ལྟ་བའི་བྱེད་སྒོ། མཛེས་པའི་ཉིང་ཁྲིའི་ཚོན་ཁྲ་ཅན་གྱི་ཤོག་སྦག་ལ་ལྟ་བའི་བྱེད་སྒོ། ཉིང་ཁྲིའི་ལས་རིགས་ཞབས་ཞུའི་རྩལ་ནུས་འགྲན་བསྡུར་བྱེད་སྒོ། ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ་བ——ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཅུ་དགུ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་ནས་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་ཉིང་ཁྲིའི་མཛེས་རྩལ་ཁང་སྒོ་ཕྱེ་བའི་མཛད་སྒོ། ཉིང་ཁྲིའི་ཕུགས་འདུན་འགྱུར་མེད་གྲོང་རྡལ་ཆུང་གྲས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཁྲོམ་གཞུང་དུ་ཉོ་སྒྲུབ་བྱེད་པའི་བྱེད་སྒོ། 2021ལོའི་ཀོང་ཏུང་བྲིན་ཚོང་འབྲེལ་མཐུད་བཞུགས་མོལ་ཚོགས་འདུ་དང“འཛད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་ར་དར་རྒྱས་གཏོང”ཞེས་པའི་བྲིན་ཚོང་བྱེད་སྒོ་སོགས་འགྲེམས་ར་གཙོ་བོ་དང་ཡན་ལག་འགྲེམས་རའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་27ཉིན་ཀ་ལ་གྲོང་ཚོར་འགོ་ཚུགས་རྒྱུ་རེད་འདུག