བདེ་ཆེན་དཔལ་འབྱོར་གསར་སྤེལ་ཆུས་ནས་ས་འོག་ཆུ་ཚན་ཞིག་བཏོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   ཉེ་ཆར། བདེ་ཆེན་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་ནས་དྲོད་ཚད་ཏུའུ་60ཡན་གྱི་ཆུ་ཚན་ཞིག་བཏོན་པ་རེད།

ས་འོག་ཆུ་ཚན་བཏོད་པའི་རྣམ་གྲངས་དེ་ནི་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ནས་ཡུན་ནན་གྱིས་ཧུར་ཐག་གིས་ལྷད་མེད་བཟའ་བཅའ་དང་། ལྷད་མེད་ནུས་ཁུངས།  བདེ་ཐང་གི་འཚོ་བ་སྐྱེལ་ཡུལ་བཅས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་དམིགས་པ་དང་།   གསར་སྤེལ་ཆུས་ལ་དམིགས་བསལ་དུ་ཡོད་པའི་ས་བབ་ཀྱི་ཁྱད་ཆོས་ལེགས་ཆ་དང་།  གནམ་གཤིས་ཁོར་ཡུག་གི་ལེགས་ཆ། སྡོད་རྒྱུར་འཚམ་པའི་ཁོར་ཡུག་གི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ནས་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ཀྱི་འབྲི་ཆུའི་འགྲམ་ངོགས་ཀྱི་ཁམས་གསོ་སྤྲོ་གསེང་གཞི་གཅིག་ཅན་གྱི་རྩེར་སོན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་བདེ་ཆེན་ཁུལ་གྱི་ལྷོ་སྒོ་ཆེན་པོ་མུ་མཐུད་ནས་ལེགས་སྤྲས་བྱེད་པ་སོགས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཏེ་ཇུས་འགོད་ལག་བསྟར་བྱེད་པའི་གསར་གཏོད་རྣམ་གྲངས་ཤིག་རེད།


    རྣམ་གྲངས་དེ་2019ལོའི་ཟླ2པར་ཀྲུང་གོ་རྡོ་སོལ་ས་གཤིས་སྤྱི་ཁྱབ་ཅུས་ཀྱིས་ཆེད་ལས་ཚོགས་པ་མངགས་ནས་གསར་སྤེལ་ཆུས་ཀྱི་ས་གཤིས་གྲུབ་ཆ་དང་དེ་བཞིན་ས་འོག་ཆུའི་ཐོན་ཁུངས་ལ་ལས་ཡུལ་དངོས་ནས་བརྟག་དཔྱད་བྱས་པ་བརྒྱུད་2019ལོའི་ཟླ10པར་ཀྲུང་གོའི་རྡོ་སོལ་ཧྭ་ཧྲེང་ཆུ་དཔྱད་ས་གཤིས་རྩད་ཞིབ་ཚད་ཡོད་ཀུང་སི་དངོས་སུ་ཨར་སྐྲུན་བྱེད་འགོ་ཚུགས་པ་རེད།ལོ་གཅིག་ལྷག་ཙམ་རིང་བསྟུད་མར་ཁྲོན་འབིགས་ཐུབ་པ་བརྒྱུད་2021ལོའི་ཟླ་1ཚེས་20ཉིན་བར་ལའོ་ཧུའུ་ཆིང་ཁྲོམ་ཁའི་སྨི་2836.50ཡི་ས་ནས་དྲོད་ཚད་ཏུའུ་61ཟིན་པའི་ཆུ་ཚན་བཏོན་པ་དང་བཞུར་ཚད་ནི་ཆུ་ཚོད་རེར་སྨི་རྒྱ་དཔངས་གྲུ་བཞི་མ་30m³ཡིན།

     ཨར་ལས་བྱེད་མཁན་ཕྱོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ས་འོག་ཆུ་ཚན་དེ་བཏོན་པ་ནས་བཟུང་ཆུའི་བཞུར་རྒྱུན་རྒྱུན་གཏན་ལྟར་ཡིན་པ་མ་ཟད།  ཆུ་དྲོད་ཀྱང་ཅུང་ཆེ་བས་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད།མིག་སྔར་ཨར་སྐྲུན་དེ་ཆུ་ཚན་གྱི་ཆུ་སྤུས་དང་ཆུ་དཔེ་ལེན་པའི་དུས་མཚམས་སུ་གནས་པ་དང་། ཆུ་སྤུས་ཀྱི་ཆུ་གཟུགས་རྒྱལ་ཁབ་དབང་གྲགས་ཞིབ་དཔྱད་ཚད་ལེན་ལྟེ་གནས་ལ་གསལ་འབྱེད་ཁས་ལེན་བྱ་རྒྱུར་བསྐྱལ་རྗེས་གཞི་ནས་དོ་དམ་ཨུ་ལྷན་དང་རྣམ་གྲངས་རྩིས་སྤྲོད་ཀྱི་འགྲོ་ལུགས་གཉེར་ཆོག་པ་རེད།