ཆུ་བྱ་མཆུ་སེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཆུ་བྱ་མཆུ་སེར་ནི་ཁྲུང་ཁྲུང་ཚན་པའི་ཁྲོད་ལས་ཆུ་བྱ་རིགས་ཀྱི་ཁོངས་སུ་གཏོགས་པ་དང་།   ལུས་པོའི་རིང་ཚད་ལ་ལི་སྨི་60ཙམ་ཡོད།   ཕོ་བྱ་དང་མོ་བྱ་གཉིས་ཀའི་སྒྲོ་མདོག་ཅུང་འདྲ་བ་ཡིན།    མཆུ་ནག་ཅིང་མཆུ་སྣེ་སེར་བོ་ཡིན་ལ་རྒྱུད་སྤེལ་དུས་མཆུ་སྣེ་ལ་ནག་ཤས་མངོན་པ་ནི་ཁྱད་ཆོས་གཙོ་བོ་ཡིན།  རྐང་མདོག་ལི་སེར་དང་གདོང་ནས་སྐེ་དང་མིག་མཐའ།   མགྲིན་པ་ཚང་མར་སེར་སྐྱ་མངོན་ཡོད།   རྒྱང་ནས་བལྟས་ན་དཀར་པོ་མངོན་པ་དང་ལུས་མདོག་ཟབ་པ་གཉིས་ལ་མངོན་གསལ་གྱི་ཁྱད་པར་ལྡན།   གཤོག་ཤེལ་ལྗང་མདོག་ལ་འོད་ཀྱི་མདངས་དང་ལྡན། 

     ཆུ་བྱ་མཆུ་སེར་ནི་ཡ་གླིང་ཤར་རྒྱུད་དུ་ཁྱབ་ཡོད་པ་དང་།   ཡ་གླིང་བྱང་མ་དང་བྱང་ཤར་རྒྱུད་དུ་རྒྱུད་སྤེལ་གྱི་ཡོད།   ཡ་གླིང་ནུབ་རྒྱུད་ནས་དགུན་ལ་གཡོལ་བ་རེད།   ཆུ་བྱ་མཆུ་སེར་ནི་གཙོ་བོ་ནང་ལོགས་ཀྱི་མཚོའུ་ཆེ་ཆུང་དང་ཆུ་མཛོད།   གཙང་བོ།  འདམ་རྫིང་།   བྱེ་ཐང་ས་གནས་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད།   དགུན་དུས་དང་གནས་སྤོའི་དུས་སུའང་མཚོ་ངོགས་དང་ཞིང་སའི་ཉེ་འདབས་སུ་མཐོང་རྒྱུ་ཡོད་ལ།  རྒྱུད་སྤེལ་བའི་དུས་མ་གཏོགས་ཁྱུ་དང་ཁྱུ་བྱས་ནས་སྡོད།   ཁ་ཟས་ལ་གཙོ་བོ་སྐྱེ་དངོས་རང་བཞིན་གྱི་ཟས་རིགས་ཟ་བ་རེད།   ཟས་རིགས་གཙོ་བོར་ཆུ་སྐྱེས་རྩི་ཤིང་གི་ལོ་མ་དང་མྱུ་གུ།   རྩ་བ། རྩ་འབྲུ་དང་ས་བོན་སོགས་ཟ་བ་རེད།  

     སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ཆུ་བྱ་མཆུ་སེར་ནི་ས་མཐོའི་འདམ་རའི་ནང་རྒྱུན་དུ་མཐོང་རྒྱུ་ཡོད།  དེའི་ཁྲོད་ཀྱི་འགའ་ཤས་ནི་ལོ་མང་བོར་ཡུན་ནན་ནུབ་རྒྱུད་དུ་འཚོ་བའི་ཚོགས་པ་ཡིན་ཞིང་ལ་ལ་ནི་བྱང་ཕྱོགས་ཀྱི་རྒྱུད་སྤེལ་ས་གནས་ནས་དགུན་གཡོལ་བར་ཡོང་བའི་དུས་བསྟུན་གནས་སྤོའི་བྱ་རིགས་ཀྱི་ཚོགས་པ་ཡིན།