​ཆུ་བྱ་སྐེ་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཆུ་བྱ་སྐེ་དམར་ནི་ཁྲུང་ཁྲུང་ཚན་པའི་ཁྲོད་ལས་བྱ་གག་རིགས་ཀྱི་ཁོངས་སུ་གཏོགས་པ་དང་།   ཆུ་བྱ་སྐེ་དམར་གྱི་རིང་ཚད་ལ་ལི་སྨི་50ཙམ་ཡོད།  ཕོ་བྱའི་ཁྱད་ཆོས་ཡིན་ན་མགོ་ནི་སེར་སྨུག་དང་གཤོག་རྩ་ལ་སེར་ཤ་འདྲེས།      གཤོག་པ་མང་ཆེ་ཤོས་ལ་སྐྱ་མདོག་མངོན་ཞིང་མཆན་གཉིས་ལ་དཀར་ཐིག་ཡོད།   ལྟོ་མདོག་དཀར་པོ་དང་སྒྲོ་ཞབས་ནག་པོ་ཡིན།   འཕུར་བསྐྱོད་བྱེད་པའི་དུས་སུ་གཤོག་ཁེབས་ཀྱི་མདོག་དཀར་པོ་དང་འཕུར་སྒྲོ་ལྗང་མདོག་མངོན་ཚུལ་ཤིན་ཏུ་གསལ་བ་ཡིན།  མོ་བྱ་ཡིན་ན་ལུས་ཧྲིལ་བོ་སྨུག་པོ་དང་སྨུག་སྐྱའི་མདོག་ཡིན་ལ་ལྟོ་བ་དཀར་པོ་ཡིན།    འཕུར་བསྐྱོད་བྱེད་པའི་དུས་སུ་གཤོག་ཁེབས་ཀྱི་མདོག་སྐྱ་བོ་དང་འཕུར་སྒྲོ་མདོག་ཟབ་མོ་མངོན་ཚུལ་ཤིན་ཏུ་གསལ་བ་ཡིན།

    ཆུ་བྱ་སྐེ་དམར་ནི་ཀྲུང་གོའི་བྱང་ཤར་ས་ཁུལ་དུ་འཚོ་གནས་དང་རྒྱུད་སྤེལ་བྱེད་ཅིང་དགུན་གྱི་དུས་སུ་ཡུན་ནན་གྱི་ས་ཆ་སོ་སོར་འཕུར་ཡོང་ནས་འཚོ་བ་སྐྱེལ།   རྒྱུན་དུ་ཆུ་བོ་དང་།  མཚེའུ། ཆུ་མཛོད།  ཆུ་ཁུག    རྫིང་བུ། འདམ་གཞོང་སོགས་ཀྱི་ཆུ་ཁོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད།   ལྷག་པར་དུ་ཆུ་སྐྱེས་རྩི་ཤིང་གི་རྒྱ་ཆེ་བའི་ཆུ་ཁོངས་སུ་འགུལ་སྐྱོད་བྱེད་པར་དགའ།ཟས་སུ་རྩི་ཤིང་རང་བཞིན་གྱི་ཟས་རིགས་བསྟེན་པར་བྱེད།    རྒྱུན་དུ་ཆུ་འགྲམ་དང་འདམ་འགྲམ།  རྩྭ་གསེབ་ཏུ་ཟན་འཚོལ་ལ་ཆུ་སྐྱེས་རྩི་ཤིང་གི་རྩ་བ་དང་ལོ་མ།  འབྲས་སུ་སོགས་ཟ་བར་བྱེད།   མཚོ་ངོགས་དང་ཞིང་སའི་ནང་ནས་རྩྭ་དང་རྩྭ་འབྲུ།ལྡུམ་བུ།  འབྲུ་རྡོག་སོགས་ཀྱང་ཟ་བ་ཡིན།  སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ཆུ་བྱ་སྐེ་དམར་ནི་དགུན་དུས་རྒྱུན་མཐོང་གི་ཆུ་བྱའི་རིགས་ཤིག་ཡིན་པ་རེད།