དཔྱིད་ཀྱི་སྒེག་མོའི་གོམས་སྟབས་བདེ་ཆེན་ཡུལ་དུ་སླེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཉི་ཤར་ཡུལ་ནི་རྒྱལ་ཐང་གི་ས་བབས་ཅུང་དམའ་ཞིང་དྲོད་ཁོལ་འཛོམས་པའི་ས་ཆ་ཞིག་ཡིན་པ་དང་།   ས་འདི་གར་ཁམ་བུའི་མེ་ཏོག་བཞད་པ་རྒྱལ་ཐང་གི་ཡུལ་གཞན་ལས་ཅུང་སྔ།  ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་བོད་ཁང་དང་ཞིང་སའི་ཉེ་འདབས་ཀུན་ལ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པས་ཉམས་དགའ་ཞིང་ཡིད་དུ་འོང་བའི་སྣང་བརྙན་ཞིག་གིས་གང་སར་ཁེངས་ཡོད་པ་དང་།   མེ་ཏོག་གི་བཀྲགས་མདངས་ལ་ཆགས་པའི་ཡུལ་སྐོར་བ་ཡང་རྒྱུན་མ་ཆད་པར་དེ་གར་ཕེབས་ནས་དཔྱིད་ཀྱི་དཔལ་ཡོན་ལོངས་སུ་སྤྱོད་བཞིན་ཡོད། 



     འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་དུ་པད་ཁའི་མེ་ཏོག་རྣམ་པར་བཞད་ནས་ཉམས་དགའི་དཔལ་ལ་རོལ་བའི་བུང་བ་རྣམས་ཀྱིས་དིར་དིར་སྙན་པའི་གླུ་དབྱངས་ལེན་པ་དང་།    མཛེས་སྡུག་གི་བཀྲག་མདངས་མངོན་པའི་པད་ཁའི་མེ་ཏོག་གིས་ཡུལ་དེའི་སྣོད་བཅུད་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་འབར་བའི་ངང་ཚུལ་ཞིག་ཀྱང་བཅོས་མིན་དུ་སྦྱིན་འདུག་ན།  དཔྱིད་ཀྱི་སྒེག་མོའི་མཛེས་སྡུག་ལ་དུང་ཞེན་གྱི་སྣང་བ་འཆར་བའི་ཕྱོགས་བཞིའི་སྐུ་མགྲོན་རྣམས་ཀྱང་མ་བཅོས་མགྲོན་དུ་ཕེབས་པ་བཞིན་བག་ཡེངས་ཀྱིས་ལྟད་མོར་རོལ་ཞིང་རྩེད།