སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་ནས་མཇུག་སྒྲིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང་། 2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་གནང་།

རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་། རྒྱལ་ཡོངས་དམངས་ཆེན་གྲོས་མོལ་སྒྲིག་སྲོལ་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ཞིང་། ཞི་ཅིང་ཕིང་གིས་ཀྲུའུ་ཞི་བཀའ་རྒྱར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས། 

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བ།

ཞི་ཅིན་ཕིང་དང་ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་།

 

ཟླ3པའི་ཚེས11ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་པ་དང་། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་།

ཟླ3པའི་ཚེས11ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་མཛད་དེ་གསུང་བཤད་གནང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ཡོད་ཚད་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་རྗེས། ཚེས11ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ། ཚོགས་ཆེན་སྟེང་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང་། 2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་གནང་ཞིང་། རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་།རྒྱལ་ཡོངས་དམངས་ཆེན་གྲོས་མོལ་སྒྲིག་སྲོལ་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཀྲུའུ་ཞི་བཀའ་རྒྱ་ཨང73པ་དང་ཨང74པར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས། ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་།

        མཇུག་སྒྲིལ་ཚོགས་འདུར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན། ཚའོ་ཅན་མིང་། ཀྲང་ཁྲིན་ཞན། ཧྲིན་ཡའོ་ཡའོ། ཅི་པིན་ཞོན། ཨེ་ལི་ཀུན་དབྱི་མིན་པ་ཧེ། ཝན་ཨོ་ཞང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧོ་མིང་ཅིང་། ཚའེ་ཏ་ཧྥུན། ཝུའུ་ཝེ་ཧྭ། དབྱང་ཀྲིན་ཝུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

        ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན་། ཝང་ཆི་ཧྲན་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

        ཚོགས་འདུར་འཐུས་མི2953ཞུགས་དགོས་པ་དང་། འཐུས་མི2896དངོས་སུ་ཞུགས་ཡོད་ཅིང་། འཐུས་མི57ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

        ཕྱི་དྲོའི་དུས་ཚོད3གྱི་སྟེང་། ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

        གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པར་བརྟེན་ནས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཆོད་དོན་ལས་བསྟན་དོན། གྲོས་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་ཤིང་། སྙན་ཞུའི་ཁྲོད་བཏོན་པའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་དང་། 2021ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། བྱ་བའི་བཀོད་སྒྲིག་བཅས་ལ་འཐད་པ་བྱུང་པས། སྙན་ཞུར་ཆོག་མཆན་གནང་རྒྱུ་གཏན་འཁེལ་བྱས།

        གྲོས་ཚོགས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་། 2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ཀྱི་ཆོད་དོན་ལ་གྲོས་འཆམ་བྱུང་། གྲོས་ཚོགས་ཀྱིས་བསྟན་དོན། གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་སྙན་ཞུར་འཐད་པ་བྱུང་ནས་འཆར་འགོད་རྩ་གནད་ལ་ཆོག་མཆན་གནང་རྒྱུ་གཏན་འཁེལ་བྱས། གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་སུ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་བྱེད་ཚུལ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་ཚུལ་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཡང་དག་པའི་སྒོ་ནས་འཕེལ་རྒྱས་གསར་བའི་དུས་མཚམས་ལ་ངོས་འཛིན་བྱེད་པ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ། མགྱོགས་མྱུར་སྒོས་འཕེལ་རྒྱས་གསར་བའི་རྣམ་པ་འཛུགས་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱིས་དཔལ་འབྱོར་བརྟན་བརླིང་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས་འཆམ་མཐུན་མངོན་འགྱུར་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་ལེགས་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་དགོས་པའི་བླང་བྱ་བཏོན།

        གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་རྒྱལ་ཡོངས་དམངས་ཆེན་གྲོས་མོལ་སྒྲིག་སྲོལ་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཆོད་དོན་འདི་གཉིས2021ལོའི་ཟླ3པའི་ཚེས12ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་མོལ་བཅའ་ཁྲིམས》འདི་གཉིས་ལ་སོ་སོར་དམིགས་ཏེ་དེ་བསྟུན་གྱི་བཟོ་བཅོས་བརྒྱབ་ནས་ཡང་བསྐྱར་སྤྱི་བསྒྲགས་བྱ་རྒྱུ་རེད།

        གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པར་བརྟེན་ནས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ཞིང་། ཆོད་དོན་འདི་སྤྱི་བསྒྲགས་ཉིན་མོ་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

        གྲོས་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པས2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུར་ཆོག་མཆན་གནང་རྒྱུ་གཏན་འཁེལ་བྱས། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་གནང་། བརྡས་ཐག་བཅད་པར་བརྟེན་ནས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པས2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ཆོད་དོན་ལ་གྲོས་འཆམ་བྱུང་བ་དང་། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་ཆོག་མཆན་གནང་རྒྱུ་གཏན་འཁེལ་བྱས་ཤིང་། 2021ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་གནང་།

        གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པར་བརྟེན་ནས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། ཆོད་དོན་ལས་བསྟན་དོན། གྲོས་ཚོགས་ཀྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གསུམ་པ་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། སྙན་ཞུ་ལས་བཏོན་པའི་རྗེས་ཕྱོགས་ཀྱི་ལོ་གཅིག་གི་ལས་འགན་གཙོ་བོར་འཐད་པ་བྱུང་ནས་སྙན་ཞུར་ཆོག་མཆན་གནང་རྒྱུ་གཏན་འཁེལ་བྱས།     

        གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པར་བརྟེན་ནས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པའི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་ཞིང་། སྙན་ཞུ་འདི་གཉིས་ལ་ཆོག་མཆན་གནང་རྒྱུ་གཏན་འཁེལ་བྱས།

        དེའི་རྗེས་སུ། ལི་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། ཁོང་གིས་བཤད་རྒྱུར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་དེ་འཐུས་མི་ཡོངས་ཀྱིས་ཐུན་མོང་གི་འབད་བརྩོན་འོག གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་ཡོད།

        ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཚོགས་འདུས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་ཐོབ་པའི་གྲུབ་འབྲས་གལ་ཆེན་གསར་བར་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་གོང་བཀུར་བྱེད་ལུགས་མཚོན་ཡོད། ཚོགས་འདུའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་ལ་ཞིབ་བཤེར་ཆོག་མཆན་གནང་།

        ལི་ཀྲན་ཧྲུའུ་ཡིས་ཚོགས་འདུའི་སྟེང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་མོལ་སྒྲིག་སྲོལ་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་སྟེང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་བར་འཐུས་མི་ཡོངས་ཀྱིས་མོས་མཐུན་ཧ་ཅང་ཆེན་པོ་བྱས་ཏེ། ཞང་ཀང་སྤུན་ཟླ་དང་བཅས་པའི་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། ཞང་ཀང་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་པར་གསུངས།     

        ལི་ཀྲན་ཧྲུའུ་ཡིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་བགྲོད་ལམ་སྟེང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བས་འགན་ནུས་འདོན་སྤེལ་སྔར་ལས་གང་ལེགས་བྱེད་པ་དང་། ངེས་པར་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཕྱོགས་ནས། སྔར་ལས་རང་རྟོགས་ངང་དར་ཆ་གསལ་སྟོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་བརྟེན་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བར་སྤྱི་འདོམས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཡུན་རིང་མཐའ་འཁྱོངས་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་བྱ་བའི་ཡང་དག་པའི་ཁ་ཕྱོགས་ལ་བརྟེན་ནས་རྒྱུན་མི་ཆད་པར་འཕེལ་རྒྱས་ཡོང་བར་ནན་གྱིས་འགན་ལེན་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་མགོ་ཁྲིད་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་གོ་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་པ། ཏང་གི་དགོངས་གཞི་ཁྲིམས་བཀོད་གོ་རིམ་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་དམངས་ཀྱི་ཐུན་མོང་བྱ་འགུལ་དུ་འགྱུར་བར་བྱེད་པ། རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་ནུས་པ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་པ། དར་ཆ་གསལ་སྟོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་སྒོས་དམ་འཛིན་བྱེད་པར་སྔར་ལས་རང་རྟོགས་ཀྱིས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཐད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་བྱེད་ཤུགས་བཅས་ནན་ཏན་གྱིས་ཆེ་རུ་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་ཁོར་ཡུག་བརྟན་པོ་དང་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པ། ལྟ་བ་གསལ་སྟོན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་རྩེ་གཅིག་ཏུ་གཞོལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། བཅའ་ཁྲིམས་བཟང་པོར་བརྟེན་ནས་ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་ལག་ལེན་ལ་འདེགས་སྐྱོར་དང་འགན་ལེན་བྱེད་པ། དར་ཆ་གསལ་སྟོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་དམིགས་ཏེ་བྱ་བར་འཆར་འགོད་བྱེད་པ། ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ཁྲིམས་ལྟར་སྤྱོད་པ། མི་དམངས་འཐུས་མི་ཚོགས་ཆེན་གྱིས་འགན་ནུས་ཡང་དག་པར་འདོན་སྤེལ་དང་ཕན་ནུས་ལྡན་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོ་གང་དུ་ཡོད་ན་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་དེ་གར་རྗེས་སྙེག་ཐུབ་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་དགོངས་གཞི་ཅི་ཡིན་ན་མི་དམངས་འཐུས་མི་ཚོགས་ཆེན་གྱིས་དེ་བྱ་བའི་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱེད་པ། དར་ཆ་གསལ་སྟོན་གྱིས་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་། འཐུས་མིའི་གཙོ་གཞིའི་ནུས་པ་འདོན་སྤེལ། འཐུས་མིར་བརྩི་བཀུར་དང་འཐུས་མིར་བརྟེན་པ། འཐུས་མིར་ཞབས་འདེགས་ཞུ་བ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་དོན་འཁྱོལ་བྱེད་དགོས་པར་བསྟན།

        ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་འཁྲུངས་སྐར་གྱི་ལོ་རྒྱུས་དུས་མཚམས་གསར་པ་བསུ་བའི་སྐབས་སུ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ“འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”གང་ལེགས་སྒོས་སྒྲུབ་པར་བརྟེན་ནས། སྟོབས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་གཙང་སྒྲུབ་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་གསུངས།

        ཕྱི་དྲོའི་ཆུ་ཚོད3དང་སྐར་མ43སྟེང་། ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་བ་ཁྱབ་བསྒྲགས་གནང་བ་དང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ།

        ཀྲུའུ་ཞི་སྟེགས་བུར་སྟེང་ད་དུང་ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཤིས། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞིས། ཁྲེན་ཆོན་གོ ཁྲེན་མིན་འར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། ཝེ་ཧྥུན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁེ་ཀྲི། ཀྲོའུ་ཆང་། ཀྲང་ཅུན། ཀྲང་ཆིན་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་ཀུང་། མ་པེའོ། ཁྲིན་ཞའོ་ཀོང་། ལིའང་ཀྲིན་དབྱིན། ཞའོ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐར། ཝང་ཡུང་ཆིང་། ཧི་ལི་ཧྥུན། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུང་ལུང་བཅས་དང་། དེ་མིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལི་ཙའོ་ཁྲིན་དང་མེའོ་ཧྭ། ཀྲང་ཧྲིན་མིང་སོགས་བཞུགས་ཡོད།

        ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།

        ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་གྲོས་ཚོགས་ལ་ཟུར་དུ་ཉན།  །