རྒྱལ་ཁབ་ཀྱིས་ལོ10ལ་བོད་ལྗོངས་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བར་སྒོར་དུང་ཕྱུར1600བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-10   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

        བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་གསལ། རྒྱལ་ཁབ་ཀྱི་ནོར་སྲིད་རང་བཞིན་གྱི་སློབ་གསོའི་འགྲོ་གྲོན་ནས 2019ལོར་བོད་ལྗོངས་ལ་སྒོར་དུང་ཕྱུར283.76བཏང་བ་དེ2010ལོ་ལས་ལྡབ་གཉིས་འཕར་བ་དང་། ལོ10ཡི་རིང་བསྡོམས་སྒོར་དུང་ཕྱུར1656.89བཏང་སྟེ་ལོར་ཆ་སྙོམས་འཕར་ཚད17.96%ཟིན་ཡོད།

        གྲངས་གཞི་ལས་མངོན་གསལ། བོད་ལྗོངས་ལ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ2995ཡོད་པ་དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི84ལྷག་ཙམ་ཟིན་པ། སློབ་ཞུགས་གོང་གི་སློབ་གསོར་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་དང་། སློབ་ཆུང་དུ་སློབ་ལོ་ལོན་པའི་སློབ་མ་ཞུགས་ཚད། དམའ་འབྲིང་དུས་མཚམས་དང་། མཐོ་འབྲིང་དུས་མཚམས། མཐོ་རིམ་སློབ་གསོ་བཅས་ལ་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད་སོ་སོར84.42%དང99.71% 102.88% 86.62% 47.65%བཅས་ཟིན་ཏེ2012ལོ་ལས་སོ་སོར39.22%དང0.31% 4.28% 16.42% 20.25%བཅས་འཕར་བ་དང་། ངལ་རྩོལ་ལོ་ཚོད་ལ་སླེབས་པའི་མི་འབོར་གཙོ་བོར་སློབ་གསོ་ཐོབ་ཚད་ལོ9.8ཟིན་ཡོད།

གྲངས་གཞི་འཕར་བ་ལས་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་ལེགས་སུ་ཕྱིན་པ་མཚོན་པ་མ་ཟད། བོད་ཀྱི་དམིགས་བསལ་གྱི་སློབ་གསོའི་སྲིད་ཇུས་དང་ཡང་འབྲེལ་བ་དམ་ཟབ་ལྡན་ཡོད། སློབ་ཞུགས་གོང་ནས་མཐོ་འབྲིང་དུས་མཚམས་བར་གྱི་ལོ15ཡི་རིན་མེད་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་པ་དང་། སློབ་ཞུགས་གོང་ནས་མཐོ་འབྲིང་དུས་མཚམས་བར་གྱི་ལོ15ཡི་སློབ་གསོའི“འགན་ལེན་གསུམ”(ལྟོ་ཆས་དང་། ཉལ་ཁང་། གཞི་རྩའི་སློབ་ཡོན་བཅས་འགན་ལེན)གྱི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་སྟེ་ཤུགས་ཆེན་གྱིས་རོང་འབྲོག་པའི་སློབ་གསོའི་ཁུར་བོ་ཡང་དུ་བཏང་ཡོད།  །