ངང་བ་མགོ་ཁྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ངང་བ་མགོ་ཁྲ་ནི་བྱ་གག་གི་རིགས་ཤིག་ཡིན་ལ།གཟུགས་དབྱིབས་ནི་ངང་སྐྱ་ལས་ཅུང་ཆུང་བ་དང་།རིང་ཚད་ཧྲིལ་པོར་ལི་སྨི་70ཙམ་ཡོད།བྱ་ཕོ་དང་བྱ་མོ་གཉིས་ཀྱི་ཕྱི་དབྱིབས་འདྲ།ཁ་དོག་དཀར་པོ་ཡིན་ལ་མགོ་ཡི་མཇུག་ཏུ་ནག་ཐིག་ཤར་གཉིས་ཡོད་པ་ནི་རིགས་འདིའི་ཁྱད་ཆོས་ཡིན། ཁ་དང་རྐང་པ་སེར་པོ་ཡིན་པ་དང་། གྲེ་བའི་མདོག་དཀར་པོ་སྐེ་ཡི་ལོགས་སུ་བསྲིངས་ཡོད། མགོ་ཡི་རི་མོ་ནག་པོ་ནི་བྱིའུ་ཕྲུག་སྐབས་སྐྱ་བོའི་མདོག་ཡིན།འཕུར་སྐྱོད་ཁྲོད་ཀྱི་རྒྱབ་ཀྱི་མདོག་ནི་མདོག་སྐྱ་བོ་ཡིན་ལ། བྲང་གཞུང་གི་ཁ་མདོག་དཀར་པོ་ཡིན།

        ངང་བ་མགོ་ཁྲ་ཡ་གླིང་གི་དབུས་ཁུལ་དང་མདོ་དབུས་མཐོ་སྒང་དུ་སྐྱེ་འཕེལ་བྱེད་ལ།  དགུན་དུས་སུ་གཙོ་བོ་ལྷོ་ནུབ་ས་ཁུལ་དུ་དགུན་སྐྱེལ་དུ་འགྲོ་བ་རེད། ངང་བ་མགོ་ཁྲ་ནི་ས་མཐོའི་འདམ་རར་འཚོ་བའི་འདབ་ཆགས་རིགས་ཤིག་ཡིན་ལ།ས་མཐོའི་འདམ་རའི་མཚེའུ་ཡང་རྨོ་ཞིང་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་།གནས་སྤོ་དང་སྐྱེ་འཕེལ་གྱི་སྐབས་སུ་ཁྱུ་ཆུང་བྱས་ནས་འཚོ་བ་རེད། དེའི་ཐོག་ནས་ངང་བ་མགོ་ཁྲ་ཁྱུ་བྱས་ནས་སྐྱེ་འཕེལ་བྱ་ལ།ངང་བ་མཇིང་ནག་དང་ངང་པ་དམར་པོ་སོགས་འདབ་ཆགས་ཁྱུ་དང་ཁྱུ་འདྲེས་ནས་རྒྱུན་དུ་མི་དང་བར་ཐག་ངེས་ཅན་ཞིག་ཡོད་པ་མཐོང་རྒྱུ་ཡོད།སེམས་ཀྱི་ཉི་ཟླར་སྲོག་ཆགས་དེ་རིགས་ས་གནས་དེ་གའི་གྲོང་མིའི་ཁང་པའི་རྒྱབ་མདུན་དང་ཐ་ན་མི་རྣམས་ཀྱིས་གསོས་པའི་ཁྱིམ་བྱ་དང་ཁྱུ་འདྲེས་ནས་འཚོ་བ་སྐྱེལ་གྱི་ཡོད།གཙོ་བོ་སྙེ་མ་ཅན་གྱི་སྐྱེ་དངོས་དང་འདམ་རྩྭའི་རིགས་ཀྱི་ལོ་མ་དང་། རྩད་པ། དེ་མིན་བོན་སོགས་རྩི་ཤིང་རང་བཞིན་གྱི་ཟས་རིགས་གཟན་དུ་སྤྱོད་ཀྱིན་ཡོད་པ་རེད།

        ནགས་ཕག་མཚོ་ནི་ངང་བ་མགོ་ཁྲ་ཡི་དགུན་སྒྲོལ་བྱ་ཡུལ་གལ་ཆེན་ཞིག་རེད།