རྩལ་ནུས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་2ཚེས་25ཉིན་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གཡག་རྭ་ཤང་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    དུས་ཡུན་ལོ་བརྒྱད་འགོར་རྗེས་གཡག་རྭ་ཤང་ཏང་ཨུ་དང་ཤང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་།ཤང་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་377གྱི་དུད་ཚང་2110ཚང་མ་དབུལ་སྒྲོལ་ཐུབ་ནས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7000ཡན་ཟིན་ཡོད།“རྒྱལ་ཡོངས་ཀྱི་དབུལ་མཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་”གི་བླ་ན་མེད་པའི་མཚན་སྙན་ཐོབ་པ།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་གལ་ཆེན་གོང་བུར་འགྲིལ་བ།མི་དམངས་ཀྱི་རེ་བ་ཡང་གཅིག་ཏུ་བསྡུས་ཡོད་པས།ང་ཚོས་སླད་ཕྱིན་གྱི་ལས་དོན་ཁྲོད་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས་ཞེས་པའི་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བཤད།གཡག་རྭ་ཤང་གི་མང་ཚོགས་ཀྱི་རིག་གནས་སློབ་གསོའི་ཆུ་ཚད་དམའ་བ་དང་ངལ་རྩོལ་རྩལ་ནུས་ཞན་པས།ས་ཁོངས་ནང་བེད་སྤྱོད་ཆོག་པའི་ས་ཆ་སྤྱིའི་རྒྱ་ཁྱོན་གྱི་1.2%ཡང་ཟིན་གྱི་མེད།ཤང་ཏང་ཨུ་དང་སྲིད་གཞུང་གིས་བརྟག་ཞིབ་རྒྱ་ཁྱབ་བྱས་རྗེས།ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་བྱས་ཏེ་མང་ཚོགས་རྣམས་རི་ཁུག་ནས་ཕྱིར་བསྐྱོད་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།རྒྱ་སྒང་གྲོང་ཚོར་བོད་ཕག་ཐོན་ལས་དང་།ནགས་ལས་དང་ཤིང་འབྲས་ཐོན་ལས།ཡུལ་སྐོར་ཐོན་ལས་བཅས“བཟོ་པས་གསོ་སྦྱོང་གི་ཚབ་བྱེད་པའི”བྱེད་སྒོ་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་གསོ་སྦྱོང་བྱེད་ཀྱིན་དུ་ལས་ཞུགས་བྱེད་དུ་བཅུག་པས་ཁྱིམ་སྒོ་ནས་ཐོན་ཏེ་བཟོ་གྲྭར་སྐྱོད་པ་དང་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱུང་ཡོད། དགོན་འོག་གྲོང་ཚོར་མི་རིགས་ཀྱི་གཞས་དང་གཞས་གསོ་སྦྱོང་བྱས་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཡག་རྭ་པི་ཝང་གི་དཔུང་ཁག་བཙུགས་ནས་ཁེ་ལས་དང་།ཚན་པ།མང་ཚོགས་སོགས་ཀྱི་བྱེད་སྒོ་སྣ་ཚོགས་དང་ལེན་བྱེད་པའི་མི་རིགས་ཀྱི་ཞབས་བྲོ་འཁྲབ་པའི་ལས་འགན་བསྒྲུབས་པ་དང་།གཡག་རྭ་པི་ཝང་དེ་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    2017ལོར་འབུམ་སྟེང་གྲོང་ཚོའི་ཟོག་རབ་ཚོགས་ཆུང་གིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་གི་གོ་སྐབས་སྤྱད་དེ་སྔོ་ཚལ་འདེབས་འཛུགས་ཀྱི“མངགས་ཐོ་རྣམ་པའི”རྩལ་ནུས་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་རེད།ད་ཆ་འབུམ་སྟེང་གྲོང་ཚོའི་ཟོག་རབ་ཚོགས་ཆུང་གི་སྔོ་ཚལ་འདེབས་འཛུགས་ལས་རིགས་འཚར་ལོངས་བརྟན་པོ་བྱུང་བ་དང་མང་ཚོགས་ཀྱི་ཡོང་འབབ་དེ་སྔ་ལས་ལྡབ་གཅིག་ཡན་འཕར་ནས་ཚོགས་ཆུང་གི་ཞིང་དུད་ཚང་མར་སྤུས་ཚད་མཐོ་པོས་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    གཡག་རྭ་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་ལ་ཞིང་འབྲོག་པའི་གསོ་སྦྱོང་ཁ་གསབ་མ་དངུལ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས།ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་དང་ཁེ་ལས་སོགས་གསོ་སྦྱོང་སྒྲིག་གཞི་དང་གསོ་སྦྱོང་གྲོས་མཐུན་བཞག་སྟེ་གསོ་སྦྱོང་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཐོག་སློབ་གསོ་དང་ལེན་བྱས་ཤིང་།“བཟོ་པས་གསོ་སྦྱོང་གི་ཚབ་བྱེད་པ”“མངགས་ཐོའི་ཁ་ཕྱོགས་གཏན་འཁེལ”སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་གསོ་སྦྱོང་ཡག་པོ་བྱས་པ་རེད།ལས་མི་བཀོལ་སྤྱོད་ཚན་པར་མི་གང་འདྲ་དགོས་ན། ངལ་རྩལ་བ་གང་འདྲ་མཁོ་སྤྲོད་བྱེད་ཐུབ་སྟེ།  ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་གཞན་སྒྱུར་གྱི་སྦྱོང་བརྡར་གནད་ལ་འཁེལ་བའི་ངང་སྤེལ་ཐུབ་པ་བྱུང་ཡོད།