ངང་སྐྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ངང་སྐྱ་ནི་ཁྲུང་ཁྲུང་དབྱིབས་ཀྱི་བྱ་གག་གི་རིགས་སུ་གཏོགས། ལུས་ཀྱི་རིང་ཚད་ལ་ལི་སྨི་85ཡས་མས་ཡིན་ལ། ཕྱིའི་དབྱིབས་ནི་ཁྱིམ་བྱ་ངང་བ་དང་ཧ་ཅང་འདྲ་བོ་ཡོད།  བྱ་ཕོ་དང་བྱ་མོའི་ཕྱི་དབྱིབས་འདྲ་བོ་ཡིན་དེ་སྤུ་མདོག་སྐྱ་བོ་ཡིན། བྱ་འདིའི་མཆུ་ཏོ་དང་སུག་པ་ཟིང་སྐྱ་ཡིན་ལ། མཆུའི་གོང་འོག་གི་མཐའ་ཁ་སོག་ལེའི་དབྱིབས་སུ་ཡོད། རྒྱབ་ཀྱི་སྤུ་མདོག་སྐྱ་བོ་ཡིན་ལ་གཤོག་མཐའ་དཀར་པོ་ཡིན་སྟེ་ཁྲ་རིས་ཡོད་པ་ཞིག་ཏུ་སྣང་། 

    ངང་སྐྱ་རོབ་དང་ཨེ་ཤེ་ཡ། ཨ་ཧྥེ་རི་ཁའི་བྱང་རྒྱུད་སོགས་སུ་ཁྱབ་ཡོད། དེ་མིན་དབྱར་དུས་སུ་ཀྲུང་གོའི་མཚོ་བོད་ས་མཐོ་དང་། ཤིན་ཅང་། ནང་སོག་སོགས་སུ་རྒྱུད་སྤེལ་བ་དང་སྟོན་དུས་སུ་ལྷོ་ཕྱོགས་སུ་དགུན་སྐྱེལ་གྱི་ཡོད། དགུན་དུས་སུ་རྒྱུན་དུ་བཅུ་ཕྲག་ཁ་ཤས་སམ་བརྒྱ་ཕྲག་ཁ་ཤས་ཁྱུ་བྱས་ནས་འདུག་ལ། ཁྲུང་ཁྲུང་སྐྱ་བོ་ནི་གཙོ་བོ་ཁོར་ཡུག་མི་འདྲ་བའི་ཚྭ་མེད་ཆུའི་ཆུ་ཁོངས་སུ་འཚོ་ཞིང་། འདམ་རྩྭདང་རྩྭ་ཆུ་འཛོམས་པའི་མཚེའུ། ཆུ་མཛོད། རླན་བཤེར་ཆེ་བའི་རྩྭ་ཐང་། འདམ་ར། སྤང་ཐང་སོགས་སུ་འགྲོ་འདུག་བྱེད་པ་རེད། ངང་སྐྱ་ནི་རྒྱུན་མཐོང་གི་ཡོ་རོབ་དང་ཨེ་ཤེ་ཡའི་མཚོན་བྱེད་རིགས་རྒྱུད་ཅིག་ཡིན་ལ།ནུབ་ཕྱོགས་ངང་པའི་མེས་པོ་ཡང་ཡིན་པ་རེད།

    སེམས་ཀྱི་ཉི་ཟླ་རུ་ངང་སྐྱ་ནི་རྒྱུན་མཐོང་གི་དགུན་ཁའི་དུས་བྱའམ་ཡང་ན་འགྲུལ་བྱ་ཡིན།