རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-08   རྩོམ་ཁུངས།    སེམས་ཀྱི་ཉོ་ཟླ་བོད་ཡིག་དྲ་བ།
སྐྱ་ཀ་སྔོན་པོ་སྐྱ་ཀའི་རིགས་ཀྱི་ཞིག་ཡིན་ལ། འདི་ལ་ཡང་ཧི་མ་ལ་ཡའི་སྐྱ་ཀ་སྔོན་པོ་ཡང་ཟེར་རེད། སྤྱིར་བྱེའུ་འདི་སྐྱ་ཀའི་རིགས་སུ་གཏོགས་མོད། འོན་ཀྱང་ཁྱུ་བྱས་ནས་འཚོ་བ་ཞིག་ཡིན། བྱེའུ་འདིའི་ལུས་ཡོངས་ཀྱི་སྤུ་མདོག་སྔོན་པོ་ཡིན་ལ། ཁུག་རྟ་ལྟ་བུའི་ཟོར་ཡང་བའི་གཤོག་ཟུང་ཡོད་ཅིང་། ཧི་མ་ལ་ཡའི་ས་མཐོའི་གྲང་འཁྱག་གི་གནས་སུ་འཚོ་བཞིན་ཡོད་པ་རེད།བྱེའུ་འདི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་བབས་སྨི་1400-2600ཡིན་པའི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཡུན་ནན།བོད་ལྗོངས་སོགས་སུ་ཡོད།