དཔྱིད་ཀྱི་ཁ་བ་རྨོ་འདེབས་གྲོགས་སུ་བྱོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་3པའི་ཚེས་1ཉིན་བདེ་ཆེན་ས་མཐོར་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཆར་ཆུ་ཐོག་མ་བབས་པ་དང་།སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོའི་ཉེ་འགྲམ་གྱི་གྲོང་མིས་བཀྲ་ཤིས་དུས་བཟང་འདི་དམ་འཛིན་བྱས་ནས་རྨོ་ཞིང་ལ་ལུད་རྒྱག་དང་འགྱིག་ཤོག་བཀབ་པ་སོགས་བྱས་ནས་རྨོ་འདེབས་ཀྱི་ལས་ལ་བྲེལ་འདུག

 རེ་བས་ཁེངས་པའི་ཞིང་ཁའི་ནང་ཁོ་ཚོས་དཀའ་སྤྱད་ཀྱི་རྔུལ་ཆུ་ཡིས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རི་མོ་ཞིག་བྲིས་འདུག

    ཞིང་བ་རྣམས་ཀྱིས་ངལ་རྩོལ་གྱི་ཁྲོད་དུ་ལྗང་མདོག་གི་མྱུ་གུ་འབུས་ནས་ལྗིད་ཏིག་ཏིག་གི་འབྲས་བུ་ཐོན་པར་རེ་སྨོན་བྱེད་བཞིན་ཡོད།