བྱིའུ་ཀླད་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     བྱིའུ་ཀླད་དཀར་གྱི་ལུས་པོའི་རིང་ཚད་ལ་ལི་སྨི་19ཙམ་ཡོད་ཅིང་། དེ་ནི་ནག་པོ་དང་ཁམ་ནག་གི་བྱིའུ་ཡིན། མགོ་དང་སྐེ་རྒྱབ་དཀར་པོ། རྐེད་དང་མཇུག་གི་གནས་དང་གསུས་པའི་ནང་གི་ཁམ་ནག་དང་མཇུག་སྒྲོའི་དབྱིབས་བཅས་ལ་རྔ་སྒྲོའི་ཁ་དོག་ནག་པོ་ལྡན། བྱིའུ་ཀླད་དཀར་ནི་ཀྲུང་གོའི་དབུས་ཁུལ་དང་ལྷོ་ནུབ་ས་ཁུལ་དུ་དབྱར་དུས་བྱ་རིགས་དང་འདབ་ཆགས་བྱས་ནས་ལྷོ་ངོས་ཀྱི་ཧྭ་ནན་ས་ཁུལ་དུ་དགུན་སྐྱེལ་གྱི་ཡོད། ཁེར་རྐྱང་ངམ་ཡང་ན་ཁྲེང་ཏུའུ་ཡི་རི་ཁུལ་དང་རི་ཁུལ་གྱི་ཆུ་ཕྲན་འགྲམ་གྱི་བྲག་རྡོ་དང་། གཙང་པོའི་ངོགས་དང་གཙང་པོའི་ནང་ཆུ་ངོས་སུ་མངོན་པའི་བྲག་རྡོ་ཆེན་པོའི་དབར་སྐབས་འགར་གྲོག་རོང་ངམ་སྐམ་སའི་ཆུ་ལམ་དུ་མཐོང་རྒྱུ་ཡོད་པས་བདེ་ཐང་ཁུལ་དུ་མཐོང་རྒྱུ་ཧ་ཅང་ཉུང་ཉུང་རེད། དེ་ཆུ་རྒྱུན་བརྒྱུད་ནས་ཡར་འཕུར་མར་འཕུར་དང་ལྟོ་འཚོལ་བ་དང་། ཡར་ལངས་དུས་མགོ་དང་སྒྲོ་དབྱིབས་ནག་པོ་ཅན་གྱི་རྔ་མས་རྒྱུན་ཆད་མེད་པར་འགུལ་བཞིན་ཡོད། འཕུར་གྱིན་དུ་ཕྲ་ཞིང་འཇམ་པའི་སྒྲ་དྲག་པོར་སྒྲོག་པ་དང་།འབུ་སྲིན་ནི་ཟས་རིགས་གཙོ་བོ་ཡིན་པ་མ་ཟད། རྩྭ་སྙིགས་ཀྱི་ས་བོན་དང་འབྲས་བུ་ཡང་ཟ་བ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་གྱི་རྒྱུན་མཐོང་བྱ་རིགས་ཤིག་ཡིན།