རྡོ་མཁར་རྫོང་ཟླ་འོད་ཁྱད་ལྡན་གྲོང་རྡལ་ལས་འགོ་བསྐྱར་སྐྲུན་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླའི་ཟླ་འོད་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་རྣམ་གྲངས་དེ་ཟླ་3པའི་ཟླ་འགོར་ལས་འགོ་རྩོམ་པ་རེད།

    ཟླ་2 པའི་ཚེས་28ཉིན་ནས་བཟུང་རྣམ་གྲངས་ཀྱི་ཚན་པ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཟུང་འབྲེལ་གྱིས་ལས་འགོ་མ་བཙུགས་གོང་གི་འབྲེལ་ཡོད་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད། མིག་སྔར་ཁྱད་ལྡན་གྲོང་རྡལ་འགྲེམས་སྟོན་ལྟེ་གནས་བསྐྲུན་ཟིན་པ་དང་འབྲེལ་2020ལོའི་ལོ་སྟོད་དུ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཟླ་འོད་གྲོང་ཁྱེར་གྱི་ཕུག་ལམ་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་ཨང་དང་པོ། ཨང་གཉིས་པ། ཨང་ལྔ་པ་ནས་དགུ་པ་བཅས་ཀྱི་གྲོང་ཁྱེར་གྱི་གཞུང་ལམ་བསྐྲུན་ཟིན་ཡོད་པ་རེད། དུས་ཐེངས་དང་པོའི་རིག་གནས་དང་། ཡུལ་སྐོར་བཅས་ཀྱི་ཚོང་ལས་Aཡི་ས་ཆའི་གྲུབ་ཆ་གཙོ་བོ་ལེགས་གྲུབ་ཟིན་པ་དང་དུས་ཐེངས་དང་པོའི་ཚོང་ལས་ཀྱིས་གྲུབ་ཆ་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད། ལྟེ་བའི་མཚེའུ་ཡི་རྣམ་གྲངས་བཅོས་སྒྲིག་དང་རིམ་སྤོར་ལས་དོན་སྤེལ་བཞིན་ཡོད་པ་དང་། རིག་གནས་དང་། ཡུལ་སྐོར་བཅས་ཀྱི་ཚོང་ལས་Iཡི་ས་ཆའི་འཆར་འགོད་དང་ས་གཤིས་རྩད་ཞིབ་ལས་དོན་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག་རྗེས་མཐུད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་རེད།

     རྡོ་མཁར་རྫོང་ཟླ་འོད་ཁྱད་ལྡན་གྲོང་རྡལ་རྣམ་གྲངས་དེ་2017ལོ་ནས་བཟུང་ལག་བསྟར་བྱས་ནས་བོད་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་རིག་གནས་ལ་བརྟེན་ནས་གཏིང་ཟབ་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གཞི་རྩར་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་གཏོད་རྒྱུ་རེད།