སེམས་ཀྱི་ཉི་ཟླའི་གཞུང་ལམ་གྱི་བསྡོམས་རྩིས་ལམ་ཚད་སྤྱི་ལེ2945.43ཟིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་ཆར། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་ཕྱིའི་གཞུང་ལམ་སྐོར་བའི་དུས་ཐེངས་དང་པོའི་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་ནས་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོ་ནས་ཁ་རི་ཕུག་ལམ་བར་གྱི་ལམ་འདིང་ཉེར་ཡོད་པ་དང་གཞུང་ལམ་གཡས་གཡོན་གྱི་སྔོ་འགྱུར་དང་གློག་སྒྲོན་སྒྲིག་ཆས་སོགས་ལའང་ཕན་འབྲས་རགས་ཙམ་ཐོན་ཡོད་པ་མཐོང་བྱུང་། ད་ལོའི་ལོ་སྟོད་དུ་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད།

    ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་འགྲིམ་འགྲུལ་ཤར་གཏོང་། བགྲོམ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་གནད་སྨིན་དབུལ་སྐྱོར།  གནད་སྨིན་དབུལ་སྒྲོལ་ལས་ཀ་བཅས་གཙོ་གནད་དུ་བྱས་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེར་བཏང་བ་དང་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པ་རེད།


གདུགས་ལ་ཀ་རྩ་ཕུག་ལམ་དེ་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་སྐྲུན་འགན་འཁུར་བ་དང་2020ལོའི་ཟླ་5་པར་ལས་འགོ་ཚུགས་པ་དང་ཕུག་ལམ་གྱི་གཡོན་གྱི་རིང་ཚད་ཧྲིལ་པོར་སྨི་6900དང་གཡས་ཀྱི་རིང་ཚད་ཧྲིལ་པོར་སྨི་6860ཡོད། དེ་ནི་ཕྱོགས་གཉིས་པོའི་འཁོར་ལམ་གྱི་ཁ་གྱེས་རྣམ་པའི་ཕུག་ལམ་ཞིག་ཡིན་ཞིང་།དེ་ནི་ཡུན་ནན་ཞིང་ཆེན་ས་ཁོངས་ནང་གི་རིམ་པ་གཉིས་པའི་གཞུང་ལམ་ནང་གི་ཕུག་ལམ་རིང་ཤོས་དེ་རེད། 

    ལོ་ལྔ་ཚན་བཅུ་གསུམ་པའི་རིང་། གྲོང་ཁྱེར་དེ་ཡིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་པ་དང་།  ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་གཞུང་ལམ་དང་ཚོ་ཆུང་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་11དང་སྲིད་འཛིན་གྲོང་ཚོ་62ཚང་མར་ཤར་གཏོང་བྱུང་ཡོད་པ་དང་། ལམ་ངོས་མཁྲེགས་སྲ་འགྱུར་ཡིན་པ་མ་ཟད་ཉེན་ཁ་ཆེ་བའི་ལམ་དུ་བདེ་སྲུང་ཡོད་པ་མངོན་འགྱུར་བྱུང་བ། གྲོང་ཁྱེར་ཡོངས་ཀྱི་རང་བྱུང་གྲོང་ཚོ་དང་སྡེ་ཁུལ་གྲོང་ལྷན་688དུ་སྲ་འགྱུར་ལམ་ཤར་གཏོང་བྱུང་བ།  ཤར་གཏོང་བྱེད་ཚད་100%ཟིན།  གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་གྱི་བསྡོམས་རྩིས་ལམ་ཚད་སྤྱི་ལེ་2945.43ཟིན་པ་དང་།རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོར་བྱས་པ་དང་།  རྫོང་དང་ཤང། གྲོང་ཚོ་རངམ་འདེགས་བྱས་པའི་ས་མཐོའི་རི་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་དྲ་བ་རགས་ཙམ་ཆགས་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྐས་རིམ་གསར་པར་སླེབས་ཡོད།


སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་ནི་བདེ་ཆེན་ཁུལ་ཡི་བྱང་ཤར་རྒྱུད་དུ་ཁྱབ་པའི་བགྲོད་ལམ་གལ་ཆེན་ཞིག་རེད།གཞུང་ལམ་དེ་ཡུལ་སྐོར་ཤར་ངོས་ཀྱི་སྐོར་ལམ་ཞིག་ཡིན་པའི་ངོས་ནས་སྟག་མཆོང་གྲོག་རོང་དང་།ཧ་པ་གངས་རི། ཆུ་དཀར་ཆུ་ནག ཕོ་ཏ་མཚོ་སོགས་ལྗོངས་ཁུལ་བརྒྱུད་དགོས་ཀྱི་ཡོད། དེ་ནི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཞིག་ཡིན་པ་དང་རྣམ་གྲངས་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱས་པ་བརྒྱུད་ལམ་རྒྱུད་ཀྱི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ནས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་ཕྱིན་ཡོད་པ་རེད།(བློ་བཟང་དབྱངས་འཛོམས་དང་དབྱངས་ཅན་ལྷ་མོ། ཀྲང་པིན་བཅས་ཀྱིས་པར་ལེན་གསར་འགྱུར་བཀོད་པ།)

    ལོ་ལྔ་ཚན་བཅུ་གསུམ་པའི་ཚུན་དུ།སྔ་རྗེས་སུ་ཏན་ཁྲོན་བགྲོད་ལམ་དང་ཧྲང་ཅང་ཀེ་ལན་ཟམ་ཆེན་སོགས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་བ་དང་། སེམས་ཀྱི་ཉི་ཟླ་ནས་འདབ་པ་བར་གྱི་གཞུང་ལམ་སོགས་རྣམ་གྲངས་ཀྱི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལ།རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་འཇོལ་གྲངས་སྒོར་དུང་ཕྱུར་35.03645ལེགས་གྲུབ་བྱུང་བ་དང་།གྲོང་གསེབ་གཞུང་ལམ་གྱི་ཤར་བགྲོད་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད།  གྲོང་ཁྱེར་དེ་ཡིས་ལས་རིགས་དངུལ་སྐྱོར་གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་སྒྲིག་ཚུད་གྲོང་ཚོར་སྲ་འགྱུར་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་སྦྲག་སྲིད་ཤར་གཏོང་ཐུབ་ཚད།འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བཅས་གསུམ་100%ཟིན་པའི་དམིགས་འབེན་མངོན་འགྱུར་བྱུང་བ། རིམ་རྩིས་བྱས་ན་སྒྲིག་ཚུད་གྲོང་ཚོའི་གྲོང་གསེབ་ཀྱི་གཞུང་ལམ་སྲ་འགྱུར་ཅན་སྤྱི་ལེ་2212ཤར་གཏོང་བྱུང་བ་དང་།  ཉེན་ཆེའི་ཟམ་པ་12བསྒྱུར་བཀོད་བྱས་པ། བདེ་འཇགས་འགོག་སྲུང་ལས་གཞི་སྤྱི་ལེ་404.7516བྱས་པ།  ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་བཞི་བཟང་གྲོང་གསེབ་གཞུང་ལམ་ཞེས་པའི་དཔེ་སྟོན་རྫོང་གསར་གཏོད་བྱས་པ་རེད།