བྱིའུ་དམར་ཏིག་ཐོད་སྔོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་དམར་ཏིག་ཐོད་སྔོན་གྱི་རིང་ཚད་ལ་ལི་སྨི་15ཙམ་ཡོད།བྱ་ཕོ་ཡི་ཐོད་པའི་མདུན་དང་སྨིན་རིས་སྔོན་པོ་དང་།མགོ་དང་སྐེ་ཡི་རྒྱབ་དང་ཕྲག་པའི་ཁ་དོག་སྔོན་པོ།སྒྲོ་ཡི་སྣེ་ལ་ཁམ་སེར་པོ།སྐེད་ནས་མཇུག་བར་སྒྲོ་ཡི་སྟེང་དུ་ཁ་དོག་སེར་པོ།གཤོག་པའི་ཁ་དོག་ནག་པོ།གྲེ་བའི་བྲང་གི་སྟེང་དུ་ཁ་དོག་སྔོན་པོ།བྲང་ནས་མཇུག་བར་སྒྲོ་ཡི་འོག་ཏུ་ཁ་དོག་སེར་པོ།སྒྲོ་ཡི་རྔ་མའི་ཁ་དོག་སེར་པོTདབྱིབས་ཀྱི་ཁྲ་ཐིག་བཅས་ཡོད།བྱ་མོ་སྐྱེས་པའི་མགོ་དང་སྟོད་རྒྱབ་ཀྱི་ཁ་དོག་ཁམ་སེར་དང་།སྨད་ཀྱི་ཁ་དོག་ཁམ་སེར་དང་།བྲང་གི་ཅུང་ནག་ཅིང་ཁམ་མདོགརྐེད་ནས་མཇུག་བར་སྒྲོ་དང་མཇུག་སྒྲོའི་ཁ་དོག་ནི་ཕོ་བྱ་དང་འདྲ།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་དམར་ཏིག་ཐོད་སྔོན་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པའི་གནས་སྤོའི་འདབ་ཆགས་སམ་དབྱར་དུས་ཀྱི་བྱ་རིགས་ཤིག་ཡིན།