སེམས་ཀྱི་ཉི་ཟླའི་རྒུན་འབྲུམ་ཆང་ལས་གཉེར་སྐྱོང་ཡག་པོ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་ཡོད་པའི་སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སིས་བསྐྱར་དུ་ཐོན་སྐྱེད་བྱེད་འགོ་ཚུགས།གསར་དུ་བཏོན་པའི་སེམས་ཀྱི་ཉི་ཟླ2021ལོའི་དྲན་གསོའི་པར་གཞིའི་རྒུན་ཆང་དང་། ས་མཐོའི་2600རྒུན་ཆང་། སྣེ་གསུམ་པ་སྤྲིན་གནས་མཐོ་སྒང་རྒུན་ཆང་དཀར་པོ་སོགས་ཐོན་རྫས་གསར་པ་ཟམ་མི་ཆད་པར་བཟོ་གྲྭ་ནས་ཐོན་ཏེ་རྒྱལ་ཡོངས་ས་གནས་ཁག་ཏུ་དབོར་བས་ཁྲོམ་རར་དགའ་པོ་ཐོབ་པ་དང་གཉེར་སྐྱོང་ཡག་པོ་བྱེད་ཐུབ་ཡོད།

    སེམས་ཀྱི་ཉི་ཟླའི་ཆང་ལས་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་ཝུའུ་ཧྲུའེ་ལིན་གྱིས་བཤད་དོན།2021ལོ་ནས་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དང་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་དམིགས་ཏེ་ཀུང་སིས་སེམས་ཀྱི་གཏིང་ནས་བསྙལ་བའི་ཆང་རག་དང་ཡིད་རྟོན་གྱི་ཐོག་ནས་སྤུས་རྟགས་གཏོད་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ནས་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་སྲ་བརྟན་དུ་གཏོང་བ་དང་།སེམས་ཀྱི་ཉི་ཟླའི་ས་མཐོའི་ཐོན་ཁུལ་གཏོད་པ། འཛད་སྤྱོད་དབུལ་སྐྱོར་དང་རྒུན་འབྲུམ་ར་བའི་དབུལ་སྐྱོར་ཉོ་སྒྲུབ་ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ། ཞིང་དུད་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རོགས་བཅས་བྱས་པ་རེད། ཨར་ཁང་རྒྱས་སྐྲུན་བྱས་ནས་ཞིང་ཆེན་རིམ་པའི་ཁེ་ལས་ཀྱི་ལག་རྩལ་ལྟེ་བའི་ཐོག་བརྩེགས་ཁང་ཆེན་དང་ཡུལ་སྐོར་བར་སྣེ་ལེན་ལྟེ་གནས་བཙུགས་ཏེ་ཐོན་སྐྱེད་དང་། བྲིན་ཚོང་།རྒུན་འབྲུམ་གྱི་ཨ་རག་སྙོལ་བའི་གསོ་སྦྱོང་། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་ཨར་ཁང་རྩེ་གྲ་ཞིག་ཆགས་པ་བྱས་ནས་རྒུན་འབྲུམ་ཨ་རག་ཐོན་སྐྱེད་དང་གསོག་ཉར་གྱི་ནུས་པ་ཆེ་རུ་བཏང་སྟེ་ཀྲུང་གོའི་ཨར་ཁང་ཡག་ཤོས་ཤིག་ཧུར་ཐག་བྱ་རྒྱུ་ཡིན་པ་རེད། སྤུས་ཚད་ཀྱི་འཐབ་ཇུས་མཐའ་འཁྱོངས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན། ལག་རྩལ་སྒྱུར་བཀོད་ལ་མ་འཇོག་བྱེད་ཤུགས་མུ་མཐུད་ཆེར་གཏོང་། ཚན་ཞིབ་ཁང་དང་མཉམ་ལས་དང་ཚན་ཞིབ་འགག་སྒྲོལ་ལ་ཤུགས་སྣོན། སྲིད་གཞུང་དང་མཐོ་སློབ་དང་ཁེ་ལས་ཟུང་དུ་འབྲེལ་བའི་སེམས་ཀྱི་ཉི་ཟླའི་ཐོན་ཁུལ་གཏོད་པའི་འཆར་གཞི་དོན་འཁྱོལ། སྤུས་ཚད་མཐོ་བའི་ཐོན་རྫས་ཧུར་ཐག་གཏོད་པ་བཅས་བྱེད་དགོས། སྤུས་རྟགས་གཏོད་ཤུགས་ཆེ་རུ་བཏང་ནས་སེམས་ཀྱི་ཉི་ཟླའི་རྒུན་ཆང་སློབ་གྲྭའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་གཙོ་རྒྱུན་སྨྱན་སྦྱོར་དང་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་བརྒྱུད་དེ་རྒྱུན་མཐུད་ངང་ཐོན་ནས་སེམས་ཀྱི་ཉི་ཟླའི་རྒུན་ཆང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། བྲིན་ཚོང་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ཁུངས་གཅིག་སྡུད་བྱས་ཏེ་གཙོ་གནད་ཁྲོམ་ར་གཏོད་རྒྱུ་དང་། སེམས་ཀྱི་ཉི་ཟླའི་ཉམས་ལེན་ཚོང་ཁང་100འཛུགས་རྒྱུ། སྣུམ་ཟོམ་ཆ་ཚང་བཟོ་བའི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ།རྒུན་འབྲུམ་གླིང་གི་དབུལ་སྐྱོར་ཉོ་རྒྱུ་ཁས་ལེན་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུ། དྲ་ཐོག་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་སྟོང་ལས་བརྒལ་བ་དང་ཨར་ཁང་གི་ཨ་རག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་སྟོང་ལས་བརྒལ་རྒྱུ་བཅས་རེད།