བྱེའུ་དམར་ཏིག་དམར་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བྱེའུ་དམར་ཏིག་དམར་པོའི་གཟུགས་པོའི་རིང་ཚད་ལི་སྨི་18ཡོད་པ་དང་། ཕོ་བྱ་ནི་བྱེའུ་དམར་ཏིག་དང་འདྲ་བ་དང་གཟུགས་དབྱིབས་ཅུང་ཆེ། མགོ་སྟེང་དང་སྐེ་རྒྱབ་ཐལ་དཀར་མདོག་ཡིན་ལ། མཇུག་སྒྲོ་མདོལ་ཁམ་ནག་ཡིན། གཤོག་པའི་སྟེང་དཀར་ཁྲ་ཧ་ཅང་ཆེ།  ནག་པོའི་ཆ་ཤས་ལ་དགུན་ཁར་ཐལ་མདོག་གི་མཐའ་རྒྱན་ཡོད།  མོ་བྱ་ནི་ཡོ་རོབ་དང་ཨེ་ཤ་ཡའི་བྱེའུ་དམར་ཏིག་གི་མོ་བྱ་དང་འདྲ་མོད་གཟུགས་དབྱིབས་ཅུང་ཆེ། ཁམ་མདོག་གི་མཇུག་སྒྲོ་དཀྱིལ་མ་དང་རྫ་མདོག་མཇུག་སྒྲོ་བར་བསྡུར་ཚད་དྲག་པོ་མེད་པ་དང་།  གཤོག་པའི་སྟེང་དཀར་ཁྲ་ཡང་མེད།

     བྱེའུ་དམར་ཏིག་དམར་པོ་ནི་ཀའོ་ཅ་སོ་རི་རྒྱུད་དང་ཨེ་ཤ་ཡ་དབུས་མ། ཐུར་ཁེ།  ཧི་མ་ལ་ཡའི་རི་རྒྱུད།  ཀྲུང་གོའི་ནུབ་བྱང་ཕྱོགས་དང་མཚོ་བོད་མཐོ་སྒང་སོགས་སུ་ཁྱབ་ཡོད་པ་དང་། རྒྱུན་དུ་ས་བབ་མཐོ་སར་འཚོ། ཁེར་རྐྱང་དུ་འགུལ་སྐྱོད་བྱེད་པར་དགའ།  དགུན་དུས་སུ་ས་བབ་ཅུང་དམའ་སར་གནས་སྤོར་དགའ།

     སེམས་ཀྱི་ཉི་ཟླ་ས་ཁུལ་དུ་བྱེའུ་དམར་ཏིག་དམར་པོ་དེ་མཐོང་དཀོན་པའི་དགུན་བྱ་ཡིན།