རྒྱལ་ཐང་གི་མར་ཕྱུར་བཟོ་སྟངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        མར་ཕྱུར་ནི་བོད་རིགས་ཞིང་འབྲོག་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་བཟའ་བཅའ་ཞིག་ཡིན་ལ། བོད་ཡུལ་ས་ཆ་མང་པོར་འོ་ཆུ་འཛོམས་པའི་དུས་ཚིགས་སུ་དེ་བས་རྒྱུན་མཐོང་ཡིན། འཚོ་བའི་གོམས་གཤིས་དང་ཆ་རྐྱེན་སོགས་ཐུན་མོང་མ་ཡིན་པའི་རྐྱེན་གྱིས་ས་ཆ་སོ་སོའི་མར་ཕྱུར་བཟོ་སྟངས་ཡང་གཅིག་མཐུན་མིན།

        རྒྱལ་ཐང་གི་བོད་རིགས་མང་ཚོགས་ཀྱིས་མར་ཕྱུར་བཟོ་སྟངས་ལ་བཤད་ན། དང་ཐོག་མར་བཞུ་རུ་འཇུག་དགོས་པ་དང་། མར་བཞུ་རུ་བཅུག་དུས་ངེས་པར་དུ་མེའི་ཆེ་ཆུང་ལ་ཚོད་འཛིན་བྱེད་དགོས་ཏེ། མེ་ཆེ་སོང་ན་མར་འཚིག་སླ་བ་དང་མེ་ཆུང་སོང་ན་མར་ཚོས་མི་ཐུབ། མར་ཡར་ཚོས་རྗེས་ཐུད་བཅག་ནས་དེའི་ནང་བླུགས་དགོས་ལ།  དེ་ནས་སྦྲང་རྩིའམ་སྦྲང་དམར།  ཡང་མིན་ན་བྱེ་མ་ཀ་ར་ཉུང་ཙམ་དེའི་ནང་བླུགས་ནས་ཐུད་ཀྱི་སྐྱུར་དྲི་སྙོམས་པོར་འགྱུར་དུ་བཅུག་དགོས། མར་ཕྱུར་བཟོ་བའི་སྐབས་སུ་ངེས་པར་དུ་ཡང་ཡང་དཀྲུག་དགོས་པ་དང་ཁྱད་པར་དུ་སྦྲང་བླུགས་རྗེས་དེ་བས་དཀྲུག་དགོས་ཏེ་རྒྱུ་མཚན་ནི་མར་ཕྱུར་དེ་སྣོད་ཐོག་འབྱར་སླ་བའི་དབང་གིས་རེད།  མར་ཕྱུར་བཟོ་དུས་ཆུ་ཉུང་ཙམ་བླུགས་དགོས་ལ་དེ་ནི་རྒན་པ་ཚོས་མཆོད་མེ་དང་དབྱེ་བ་འབྱེད་པ་ཡིན་ཞེས་བཤད་སྲོལ་ཡོད།

        རྒྱལ་ཐང་གི་མར་ཕྱུར་གྱི་བྲོ་བ་ནི་སྐྱུར་མངར་གཉིས་ལྡན་ལ་མར་གྱི་རྐྱེན་པས་ཞེན་པ་ལོག་བ་མ་རེད། གལ་ཏེ་ཁྱེད་ཀྱིས་ང་ཚོ་རྒྱལ་ཐང་གི་མར་ཕྱུར་གྱི་བྲོ་བ་མྱོང་འདོད་ན་གོང་གི་བརྙན་ཐུང་ལ་བལྟས་ནས་རང་གིས་ཐེངས་གཅིག་བཟོ་ཆོག