ཆམ་ནད་ཕོག་རྗེས་ཞག་ཚིལ་འཛེམ་དགོས་དོན་ཅི་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-26   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ཆམ་ནད་ཕོག་ནས། རྒྱའི་སྨན་པར་བསྟེན་སྐབསས། སྨན་པས་ནད་གཞིར་བལྟས་རྗེས། རྟག་ཏུ་ནད་པ་ལ་ཞག་ཚིལ་མེད་པའི་ཟ་མ་ཟས་ནས། ཞག་ཚིལ་འཛེམ་དགོས་ཞེས་མངག་གཏམ་ཡང་ཡང་བཤད་ཀྱི་ཡོད། ཆམ་ནད་ལ་ཞག་ཚིལ་འཛེམ་དགོས་དོན་ནི་མི་ལ་ཆམ་ནད་ཕོག་རྗེས། ལུས་ཁམས་ཀྱི་ནད་འགོག་ནུས་པ་ཉམས་སུ་གྱུར་ཏེ། མཚེར་བའི་འཇུ་སྟོབས་ཆུང་དུ་ཕྱིན་པའི་དབང་གིས་རེད། སྤྱིར་བཏང་ཟ་མར་སུན་སྣང་སྐྱེ་བ་དང་ཞག་ཚིལ་ལ་སུན་སྣང་སྐྱེ་བ། ཞེན་ཁ་ལོག་པ། སྐྱུག་པ་སོགས་ཀྱི་ནད་རྟགས་སྣ་ཚོགས་སྟོན་རྒྱུ་ཡོད་པ་རེད། ཞག་ཚིལ་མེད་པའི་ཟ་མ་བཟས་ན། ད་རུང་སྨན་རྫས་ཀྱིས་ལུས་པོའི་ཚ་དྲོད་བསླངས་ནས་རྔུལ་ཆུ་འཕྱུར་བར་ཕན་ཐོགས་བྱུང་སྟབས་ཆམ་ནད་ཇེ་ཡང་དུ་འགྲོ་བ་དང་དྲག་ཐུབ་པ་རེད། གལ་སྲིད་ཞག་ཚིལ་འཐུག་པོའི་ཁ་ཟས་བཟས་ན། རྒྱུ་མ་དང་ཕོ་བའི་འཇུ་ནུས་ཞན་ཏུ་གྱུར་བ་དང་། མཚེར་བ་དང་ཕོ་བར་སྐྱོན་ཆ་བཟོས་ནས་རྔུལ་ཆུ་ཕྱིར་འདོན་མི་ཐུབ་པས། ནད་གཞི་ཇེ་ལྗིད་དུ་ཕྱིན་པ་དང་ནད་ཡུན་ཇེ་རིང་དུ་ཡོང་གི་རེད།