བྱིའུ་དམར་ཏིག་མགྲིན་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་དམར་ཏིག་མགྲིན་དཀར་གྱི་གཟུགས་པོའི་རིང་ཚད་ལ་ལི་སྨི15ལྷག་ཡོད་པ་དང་། ཕོ་བྱའི་མགོ་དང་སྐེ་རྒྱབ་ཀྱི་ཁ་དོག་སྔོན་པོ་ཡིན་པ་དང་།དཔྲལ་བ་དང་སྨིན་མའི་རི་མོའི་མདོག་ཅུང་བཀྲག་མདངས་ལྡན། མགོ་ཡི་གཞོགས་གཉིས་དང་མིད་པ་དང་རྒྱབ་ངོས་ནག་པོ་ཡིན། མིད་པ་འོག་མར་དཀར་ཁྲ་ཆེན་པོ་ཞིག་ཡོད། ཕྲག་པའི་སྒྲོ་སྣེ་དང་རྐེད་ཚིགས་ནས་མཇུག་མའི་བར་གྱི་སྒྲོ་སྤུ་དང་སྨད་གཟུགས་ཀྱི་ལྷག་མ་ཚང་མ་ལི་མདོག་དམར་པོ་ཡིན་པ་དང་། ཁ་དོག་སྨུག་པོའི་གཤོག་པར་གཤོག་ཁྲ་དཀར་པོ་མངོན་གསལ་དོད་པོ་ཡོད་པ་དང་།མཇུག་སྒྲོ་ནག་པོ་ཡིན།མོ་བྱའི་ལུས་སྟེང་མདོག་ཁམ་ནག་ཡིན།སྐེད་པ་ནས་རྔ་སྒྲོའི་སྟེང་ཁེབས་པའི་སྒྲོ་སྤུ་དང་མཇུག་སྒྲོ་མདོག་དམར་པོ་ཡིན།གཤོག་པའི་ཁ་དོག་ནག་ལ་གཤོག་ཁྲ་དཀར་པོ་ཡང་ལྡན།མིད་པ་དང་བྲང་གི་མདོག་སྨུག་པོ་ཡིན།གྲེ་བའི་འོག་ཏུ་ཡང་ཁ་དོག་དཀར་པོ་ཡོད།མཇུག་མའི་འོག་ཏུ་སྒྲོ་དམར་པོ་ཡོད།

    བྱིའུ་དམར་ཏིག་མགྲིན་དཀར་ནི་ཀྲུང་གོའི་ལྷོ་ནུབ་རི་ཁུལ་དུ་སྐྱེས་ཤིང་།རི་ཁུལ་དང་།རོང་ས་ཁུལ་གྱི་ནགས་ཚལ་ཐར་ཐོར་དང་།ཡང་ན་གྲོང་སྡེའི་ཉེ་འགྲམ་གྱི་ནགས་ཚལ་སོགས་ཀྱི་ཁོར་ཡུག་ཏུ་འཚོ་བ།ཁེར་རྐྱང་ངམ་ཡང་ན་ཁྱུ་ཆུང་འདྲེས་ནས་འགུལ་སྐྱོད་བྱེད་པ།འབུ་སྲིན་གྱིས་ཟས་རིགས་གཙོ་བོར་བྱེད་པ།རྩི་ཤིང་གི་ས་བོན་དང་ཁུ་ལྡན་ཤིང་འབྲས་སོགས་ཟ་བ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་དམར་ཏིག་མགྲིན་དཀར་ནི་རྒྱུན་མཐོང་གི་བྱ་རིགས་ཤིག་ཡིན།