དགེ་རྒན་གྱིས་ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་བྱེད་མི་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-25   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་2ཚེས་23ཉིན། སློབ་གསོ་པུའུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་གནས་ཚུལ་སྤེལ་དོན། སློབ་དུས་གསར་པའི་ནང་སློབ་མའི་སྦྱོང་ཚན་མང་དྲག་པའི་ཁུར་པོ་དང་སློབ་ཕྱིའི་གསོ་སྦྱོང་གི་ཁུར་པོ་སྔར་བས་ཇེ་ཡང་དུ་གཏོང་རྒྱུ་རེད། སློབ་གསོ་པུའུ་ཡིས། ས་གནས་ཁག་དང་སློབ་གྲྭ་ཁག་གིས་སྦྱོང་ཚན་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། རིག་ཚན་ཚོ་ཆུང་དང་ལོ་རིམ་ཚོ་ཆུང་གི་སྦྱོང་ཚན་གཅིག་གྱུར་འཆར་འགོད་བྱས་ཏེ་གཏན་འབེབས་ལྟར་སྦྱོང་ཚན་གྱི་སྤྱི་འབོར་ཚོད་འཛིན་ནན་པོ་བྱེད་དགོས། སྦྱོང་ཚན་ཇུས་འགོད་སྤུས་ཚད་ལེགས་སུ་ཏན་ཏིག་བཏང་ནས། སྦྱོང་ཚན་གྱི་དཀའ་ཚད་དེ་སློབ་མའི་དོན་དངོས་དང་མཐུན་པ་བྱེད་དགོས་པ་ལས། སློབ་ཚན་གྱི་ཚད་གཞིའི་བླང་བྱ་ནས་བརྒལ་མི་ཆོག  སློབ་ཁྲིད་དགེ་རྒན་གྱིས་སྦྱོང་ཚན་བཟོ་བཅོས་ནན་པོ་བྱས་ནས། དུས་ཐོག་ཏུ་སློབ་མར་ལན་སྤྲོད་དགོས་པ་དང་། ངོ་ཐུག་ནས་བཟོ་བཅོས་དང་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ཐོག  སློབ་སྦྱོང་གི་གནས་ཚུལ་དབྱེ་ཞིབ་ནན་ཏན་བྱས་ནས། ལྷགས་བསྡད་པའི་གནད་དོན་རྣམས་སློབ་མར་དོགས་གཅོད་གསལ་འགྲེལ་ཡག་པོ་བྱེད་དགོས་པ་ལས། ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་གམ་རྣམ་པ་འགྱུར་བའི་སྦྱོང་ཚན་བཀོད་སྒྲིག་བྱེད་མི་ཆོག་ལ།  ཁྱིམ་བདག་ལ་སྦྱོང་ཚན་ཞིབ་བཤེར་དང་བཟོ་བཅོས་རྒྱག་དགོས་པའི་བླང་བྱའང་འདོན་མི་ཆོག