ཆུ་གྲང་མོས་རྐང་བ་འཁྲུད་མི་ཉན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-24   རྩོམ་ཁུངས།    ཀན་ལྷོ་བོད་ཡིག་ཚགས་པར།

    རྐང་བ་ནི་མིའི་སྙིང་ཨང་གཉིས་པ་དེ་ཡིན་ལ་མིའི་ལུས་པོ་ཡོངས་ཀྱི་ཁྲག་རྩའི་ཡན་ལག་གི་གཙོ་བོ་ཞིག་ཡིན་པས། དྲོད་སྲུང་ནུས་པ་ཞན་ལ་རྐང་མཐིལ་གྱི་པགས་པའི་དྲོད་ཚད་དེ་ལུས་པོ་ཡོངས་ཀྱི་དྲོད་ཚད་ལས་དམའ་བས་གྲང་བདེ་བ་ཡོད།གལ་སྲིད་གནམ་གཤིས་ཚ་དུས་རྟག་ཏུ་ཆུ་གྲང་མོས་རྐང་བ་བཀྲུས་ན་རྐང་བ་གྲང་ཚད་ཆེར་ཕྱིན་ནས་ཁྲག་རྩ་བརྒྱུད་ལུས་པོའི་གཡས་གཡོན་གྱི་ན་རྐྱེན་ལ་སྨན་ལོག་བརྒྱབ་ནས་མཐའ་མ་ནད་རིམས་སྣ་ཚོགས་སློང་གི་ཡོད། རྐང་མཐིལ་གྱི་རྔུལ་ཐོན་རྨེན་རྩའི་གྲུབ་ཆ་འཁུམས་ཏེ་དུས་ཡུན་རིང་བོ་སོང་རྗེས་ཁྲག་རྩ་ལྷོད་པོར་འགྱུར་བའི་ནུས་པ་ཉམས་ཏེ་འགུལ་རྩ་འཁུམ་པ་དང་དམར་ཐིག་རང་བཞིན་གྱི་ཡན་ལག་ན་བ། རུས་ཚིགས་དང་གྲུམ་བུ་སོགས་ན་བ་རེད།།