བྱིའུ་དམར་ཏིག་མགྲིན་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་དམར་ཏིག་མགྲིན་ནག་གི་གཟུགས་པོའི་རིང་ཚད་ལ་ལི་སྨི་15ཙམ་ཡོད།ཕོ་བྱའི་ཐོད་པ་ནས་དཀྱིལ་མིག་དང་།འགྲམ་པ།རྣ་སྒྲོ་དང་།མགྲིན་པ་ནས་བྲང་སྟོད་བར་ནི་མདོག་ནག་པོ་ཡིན་པ་དང་།དཔྲལ་བ་ནི་མདོག་དཀར་པོ་ཡིན།མགོ་ནས་རྒྱབ་ནི་མདོག་སྐྱ་བོ།གཤོག་པ་ནི་སྒྲོ་ནག་པོས་གྲུབ་ཡོད།དེའི་སྟེང་དུ་གཤོག་ཁྲ་དཀར་པོ་ཡོད།རྔ་མའི་སྟེང་དུ་སྒྲོ་དང་ཕྱི་ངོས་ཀྱི་མཇུག་སྒྲོ་སེར་པོ་དང་།དཀྱིལ་གྱི་རྔ་སྒྲོ་ནག་པོ་ཡིན།མོ་བྱའི་ལུས་ཀྱི་སྒྲོ་ནི་སྐྱ་མདོག་དང་།མགོ་ནས་རྒྱབ་དང་སྟོད་དང་ཕྲག་པའི་སྟེང་གི་ཁ་དོག་སྨུག་སྐྱ།གཤོག་སྒྲོ་སྨུག་པོ་ཡིན་པ་དང་ཁྲ་ཐིག་མེད་པ།རྔ་མའི་སྟེང་སྒྲོ་དང་ཕྱི་གཞོགས་ཀྱི་རྔ་སྒྲོའི་ཁ་དོག་སེར་པོ།དཀྱིལ་གྱི་སྒྲོ་ནག་པོ་ཡིན།       

    བྱིའུ་དམར་ཏིག་མགྲིན་ནག་ནི་ཀྲུང་གོའི་ལྷོ་ནུབ་རི་ཁུལ་དུ་རྒྱུད་འཕེལ་བྱུང་བ་དང་།སྟོན་དུས་སུ་འདབ་ཆགས་ཁག་གཅིག་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་ས་བབ་དམའ་བའི་ས་ཆར་དགུན་སྐྱེལ་གྱི་ཡོད།དེ་རི་ཁུལ་གྱི་ནགས་ཚལ་ཐར་ཐོར་དང་།རྩི་ཤིང་དཀོན་པོའི་རི་ལྡེབས།གསོམ་སྡོང་དང་སྡོང་ཐུང་ནགས་ཚལ།གྲོང་སྡེའི་ཉེ་འདབས་ཀྱི་ཤིང་སྡོང་དང་རྩྭ་གསེབ་སོགས་སུ་འཚོ་ཞིང་།ཁེར་རྐྱང་ངམ་ཡང་ན་ཁྱུ་ཆུང་ངུས་འགུལ་སྐྱོད་བྱེད་པ་དང་།ས་ངོས་ནས་འབུ་སྲིན་དང་རྩི་ཤིང་གི་ས་བོན་ཟ་བ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་དམར་ཏིག་མགྲིན་ནག་ནི་རྒྱལ་མཚམས་སྒྲོལ་ནས་ཡོང་བའི་འདབ་ཆགས་སམ་དབྱར་དུས་ཀྱི་བྱ་རིགས་ཤིག་ཡིན།