བདེ་ཆེན་ས་མཐོའི་སོ་ནམ་པ་རྨོ་འདེབས་ཀྱི་ལས་ལ་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་ཀ་སླེབས་པ་ན།    ལས་ལ་བརྩོན་པའི་སོ་ནམ་ཞིང་པ་རྣམས་བརྩོན་འགྲུས་ཀྱི་ལས་ཀར་འཇུག་པའི་དུས་ལ་བབས། 

    ལོ་གསར་ཚེས་བདུན་ཉིན་གྱི་ཞོགས་པར།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་ཨོ་སུན་འདེབས་འཛུགས་རྟེན་གཞིའི་ནང་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་གང་སར་མངོན་ཞིང་།ཞིང་པ་ཚོས་ས་ཤལ་རྒྱག་པ་དང་། ས་བོན་འདེབས་པ་སོགས་ལོ་གཅིག་གི་ངལ་རྩོལ་གྱི་ལས་ཀ་མགོ་བརྩམས་ཡོད། རྟེན་གཞིའི་ནང་གི་འགན་འཁུར་བ་ལུའུ་དབྱིང་མིང་གིས་ད་ལོ་གྲོང་ཚོའི་ནང་ས་ཞིང་མུའུ་200གླས་ནས་ཨོ་སུན་འདེབས་ཀྱི་ཡོད།  ཐོན་འབབ་ཡག་པོ་ཞིག་ཡོང་བ་དང་གྲོང་མི་ཚོའི་སྣེ་འཁྲིད་དེ་འབབ་འཕར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད། 

    ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོ་ལུའུ་དབྱིང་མིང་གིས་གྲོང་ཚོའི་ནང་མུའུ་གཅིག་ལ་སྒོར1300ཡི་རིན་གོང་ཐོག་ནས་ཨོ་སུན་མུའུ་200གླས་ཏེ་ཨོ་སུན་བཏབ་པ་དང་ཆབས་ཅིག་གྲོང་མི་10ལྷག་རྟེན་གཞིའི་ནང་ལས་ཀ་བྱེད་དུ་བཅུག་པས་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད་པ་མ་ཟད།ད་དུང་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད།

    གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཅིངས་འགྲོལ་གྲོང་ཚོ་དང་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་ས་ཞིང་དུ་སྔོ་ཚལ་དཔྱིད་འདེབས་ཀྱི་ལས་ལ་བྲེལ་འདུག སེམས་ཀྱི་ཉི་ཟླར་སྔོ་ཚལ་འདེབས་འཛུགས་བྱེད་པའི་ལེགས་ཆ་ཆེ་ཤོས་ནི་དུས་ཚིགས་ལས་ལྡོག་ནས་ཁྲོམ་རར་བཏོན་པ་དེ་རེད།ལོ་ལྟར་ཚལ་འདེབས་མཁན་ཞིང་པ་དེ་དག་གིས་སེམས་ཀྱི་ཉི་ཟླའི་ཞིང་ནང་དུ་དུས་ཚིགས་གཉིས་ཀྱི་སྔོ་ཚལ་འདེབས་ཆོག་པ་དང་།དཔྱིད་ཚུགས་ནས་ཟླ་བ་དྲུག་པར་ཐེངས་གཅིག་བསྡུ་ཆོག་ལ། དེ་ནས་སླར་ཡང་བཏབ་ནས་ཟླ་བ་བཅུ་པར་སླར་ཡང་ཐེངས་གཅིག་བསྡུ་ཆོག་གི་ཡོད་པ་རེད།ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླའི་ས་མཐོའི་རགས་ཁུལ་དུ་དུས་ཚིགས་ལས་ལྡོག་པའི་སྔོ་ཚལ་སྣ་ཚོགས་བཏབ་པར་སྔོ་ཚལ་གྱི་ཕན་འབྲས་ཡག་པོ་ཐོན་ནས་གྲོང་མིར་ས་ཆའི་བོགས་དངུལ་དང་ལས་མིའི་ཡོང་འབབ་མང་དུ་ཕྱིན་པ་དང་སྣོད་བཅུད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་གྱུར་ཡོད།