བདེ་ཆེན་ཞིང་གྲོང་ལ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    དཔྱིད་རླུང་འཇམ་པོ་དལ་བུར་ལྡང་ཡོང་བ་ན་འཁྱགས་པས་བསྡམས་པའི་ས་གཞི་ལ་དྲོད་ཁོལ་རྒྱས་ཤིང་སྐྱེ་དངོས་ཡོངས་ལ་ཚེ་སྲོག་གི་མྱུ་གུ་འབུས་པའི་མགོ་བརྩམས་བྱུང་།   རང་བྱུང་ཁོར་ཡུག་གི་ཆ་རྐྱེན་བཟང་བའི་ཡུལ་ལུང་མང་བོར་སྣ་བརྒྱའི་མེ་ཏོག་རབ་ཏུ་བཞད་ནས་དཔྱིད་ཀྱི་རང་མདངས་རྣམ་པར་ཤར་ཡོད།  

    ལྟོས་དང་།   བདེ་ཆེན་མཐོ་སྒང་གི་རི་ཁུག་དང་རྣང་ཞིང་གྲུ་བཞིའི་བར་དུ་ཁམ་བུའི་མེ་ཏོག་དང་།    པད་ཁའི་མེ་ཏོག   སྲན་མའི་མེ་ཏོག་བཞད་པའི་མགོ་བརྩམས་ནས་དཀར་དམར་སེར་གསུམ་གྱི་བཀྲགས་མདངས་ཀྱིས་མི་རྣམས་ཀྱི་སེམས་པའི་གཏིང་རུམ་ལ་རེ་བ་དང་ཡིད་ཆེས་ཀྱི་རྟེན་འབྲེལ་རེ་རེ་བསྩལ་ཡོད།