གླེགས་བམ་གྲོང་ཚོར་དཔྱིད་མགོའི་ཁ་བ་བབས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ2པའི་ཚེས18ཉིན་ཏེ་ལོ་སར་ཚེས་བདུན་ཉིན།ས་གནས་མང་ཚོགས་གླེགས་བམ་དུ་མཇལ་སྐོར་ལ་འགྲོ་བའི་སྐབས་སུ།གླེགས་བམ་དུ་བཀྲ་ཤིས་ཁ་བ་བབས་བྱུང་།

    དཔྱིད་མགོ་མ་ཁ་བ་བབས་ན་ལོ་ལེགས་འབྱུང་བའི་རྟེན་འབྲེལ་དུ་བརྩི་ཞིང་།རྩྭ་རྩི་ཤིང་ཡོངས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྔ་ལྟས་སུ་ཡང་མངོན།ལམ་བར་གྱི་སྐྱེ་དངོས་ཡོད་དོ་ཅོག་ལ་ཡང་བཀྲ་ཤིས་པའི་སྣང་བརྙན་ཞིག་གིས་ཁེངས་ཡོད།

    གླེགས་བམ་གྲོང་སྡེ་ནི་ཡུན་ལིང་ཤང་སྲིད་གཞུང་ཆགས་ཡུལ་གྱི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད།གླེགས་ནི་གླེགས་ཤིང་གི་དོན་ཡིན་པ་དང་།བམ་ནི་བམ་པོའི་དོན་ཡིན་པ་སྟེ།གྲོང་སྡེ་དེའི་ཉེ་འདབས་སུ་གླེགས་བམ་ལྟ་བུའི་བྲག་རྡོ་ཞིག་ཡོད་པས།གྲོང་སྡེའི་མིང་ནི་གླེགས་བམ་ཞེས་བཏགས་པར་གྲགས།གླེགས་བམ་གྲོང་སྡེ་ལ་གྲོང་སྟོད་དང་གྲོང་སྨད་གཉིས་ཡོད། གླེགས་བམ་གྲོང་སྡེ་ནི་གནས་ཆེན་ཁ་བ་དཀར་པོའི་མིང་གྲགས་ལྡན་པའི་ལྗོངས་ཁུལ་ཞིག་ཡིན་ཞིང་།དེར་གནས་ཆེན་ཁ་བ་དཀར་པོ་ནས་བཞུར་བའི་ངོ་མཚར་ཆེ་བའི་གླེགས་བམ་ཆུ་གཤར་དང་།པད་མ་སྒྲུབ་ཕུག་སོགས་ཀྱི་མཇལ་ཁ་ཞུ་ཡུལ་ཡོད་པས།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་རྒྱུན་མི་ཆད་པར་ཡོང་ཡོད།