བྱིའུ་དམར་ཏིག་མཇུག་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་དམར་ཏིག་མཇུག་དམར་གྱི་གཟུགས་པོའི་རིང་ཚད་ལ་ལི་སྨི15ཡོད།ཕོ་བྱའི་མགོ་སྟེང་དུ་རྡོ་སྐྱོར་གྱི་ཁ་དོག་སྐྱ་བོ་དང་།མགོ་གཞོགས་དང་གྲེ་བ།སྒལ་བ།ཕྲག་སྒྲོ་བཅས་མདོག་ནག་པོ་ཡིན།གཤོག་པའི་སྟེང་དུ་མདོག་དཀར་པོ་ཅན་གྱི་ཁྲ་ཐིག་ཡོད་ལ།རྐེད་ཚིགས་དང་མཇུག་མའི་སྟེང་དུ་སྒྲོ་སྤུ་སེར་པོ་དང་།དཀྱིལ་གྱི་རྔ་སྒྲོའི་ཁ་དོག་ནག་པོ།ཕྱི་གཞོགས་ཀྱི་མཇུག་སྒྲོའི་ཁ་དོག་སེར་པོ།སྨད་ཀྱི་ཁ་དོག་སྨུག་པོ་བཅས་ཡིན་པ་རེད།མོ་བྱའི་མགོ་དང་སྐེ་ནས་རྒྱབ།ཕྲག་པའི་སྒྲོ་བཅས་ཀྱི་ཁ་དོག་ཁམ་སེར་ཡིན་པ་དང་།གཤོག་ནག་ལའང་གཤོག་ཁྲ་དཀར་པོ་ཡོད་ལ།མགོ་དང་མཇིང་བའི་ལོགས་གཉིས་དང་བྲང་ཁའི་སྐྱུ་རུ་ར་དང་ཨོལ་གོལ་སོགས་མདོག་དཀར་པོར་གྱུར་ཡོད།གྲོད་ཁོག་གི་པགས་པ་སེར་པོ་དང་མཇུག་སྒྲོ་བྱ་ཕོ་དང་འདྲ།

    བྱིའུ་དམར་ཏིག་མཇུག་དམར་ནི་བྱང་དུ་ཞི་པོ་ལི་ཡ་དང་།སོག་པོ།ཁྲའོ་ཞན་ཕྱེད་གླིང་བཅས་དང་དེ་བཞིན་ཀྲུང་གོའི་ཧྭ་བྱང་དང་།བྱང་ཤར།ལྷོ་ནུབ་རི་ཁུལ་བཅས་སུ་ཡོད་ལ།ལྗར་པན་དང་།ཀྲུང་གོའི་ཧྭ་ནན་དང་ལྷོ་ནུབ་ས་ཁུལ་གྱི་ས་བབ་དམའ་བའི་གྲོག་རོང་དང་།དབུས་ལྷོའི་ཕྱེད་གླིང་།རྒྱ་གར།འབར་མ་སོགས་སུ་དགུན་སྐྱེལ་གྱི་ཡོད།གཙོ་བོ་རི་ཁུལ་དང་ནགས་ཚལ། ལུང་ཁུག ནགས་འགྲམ། སྡོད་དམངས་གནས་སའི་ཉེ་འགྲམ་གྱི་སྡོང་ཐུང་ནགས་ཚལ་སོགས་སུ་འཚོ་བ་དང་།མང་ཆེ་བ་ལམ་འགྲམ་གྱི་ནགས་མཐའི་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་དམར་ཏིག་མཇུག་དམར་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པའི་གནས་སྤོའི་འདབ་ཆགས་སམ་དབྱར་དུས་ཀྱི་དུས་བྱ་ཤིག་རེད།