རྒྱལ་ཐང་གི་གནམ་ཁོག་བཟོ་སྟངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    གནམ་ཁོག་ཞེས་པ་ནི་རྒྱལ་ཐང་ལུང་པའི་བོད་མི་རྣམས་ཀྱིས་ལོ་གསར་དང་དུས་ཆེན་གཏོང་བའི་སྐབས་རྒྱུན་མཐོང་གི་ཟ་མའི་རིགས་ཞིག་ཡིན་ལ། གཙོ་བོར་ཉི་ཤར་ནས་ཐོན་པའི་རྫ་ནག་སྤྱད་ནས་བཟོ་དགོས་པ་རེད།

    སྲོལ་རྒྱུན་གྱི་གནམ་ཁོག་བཟོ་ན་དྭ་བ་དང་ཤ་དྲིལ།  ཞོག་ཁོག སྲན་ཐུད། ཕག་ཤ་སོགས་ཟས་ཀྱི་རྒྱུ་ཆ་དགོས་ལ། གནམ་ཁོག་ནང་རྒྱུ་ཆ་དེ་དག་འཇུག་པའི་གོ་རིམ་ལའང་དང་དོད་ངེས་ཅན་ཞིག་ཡོད་དེ།དང་པོར་དྭ་བ་ནང་བཅུག་ནས་མཐིལ་འདིང་དགོས་ལ།དེ་ནས་རྒྱུ་ཆ་གཞན་པའི་བཙོས་པའི་དཀའ་སླའི་ཚད་ལ་བརྟེན་ནས་འཇུག་དགོས།  མཐར་ཕག་ཤ་དང་སྲན་ཐུད་གཉིས་ཀས་ངོས་སུ་འཇུག་དགོས།

    སྔོན་ཡིན་ན་མི་རྣམས་ཀྱིས་འཚོ་བོའི་ཆ་རྐྱེན་ཅུང་ཞན་པས་ལོ་གསར་དང་དུས་ཆེན་གཏོང་བའི་སྐབས་གནམ་ཁོག་བཟའ་རྒྱུ་ཡོད་ན་དཔེ་མི་སྲིད་བ་ཞིག་ཡིན་ལ།དུད་ཚང་མང་ཆེ་བ་ལ་བཤད་ན་གནམ་ཁོག་དེ་ཡང་ཤིན་ཏུ་དཀོན་པོ་ཡོད།  ད་ལྟར་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་གནམ་ཁོག་དེ་འཚོ་བའི་ཁྲོད་རྒྱུན་མཐོང་གི་ཟ་མའི་རིགས་ཤིག་ཏུ་གྱུར་ཡོད་པ་དང་། གྲང་ངར་ཆེ་བའི་དགུན་དུས་སུ་གནམ་ཁོག་ནི་ཕོ་མོ་རྒན་གཞོན་ཚང་མས་དགའ་པོ་བྱེད་པའི་ཞིམ་ཟས་ཤིག་ཏུ་གྱུར་ཡོད་པ་རེད།