སྐྱ་ཀ་བྱིའུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྐྱ་ཀ་བྱིའུ་ཡི་གཟུགས་པོའི་རིང་ཚད་ལ་ལི་སྨི་21ཙམ་ཡོད་པ་དང་།བྱ་ཕོའི་མགོ་དང་བྲང་། རྒྱབ་ཕྱོགས་ཀྱི་ཁ་དོག་སྔོན་པོ།གཞོགས་གཉིས་དང་དཀྱིལ་གྱི་རྔ་སྒྲོ་ནག་པོ།ཕྱི་ལོགས་ཀྱི་རྔ་སྒྲོ་དང་སྒྲོ་ཁེབས་ཀྱི་སྟེང་གི་ཐིག་ཤར་དཀར་པོ་ཡིན།མོ་བྱ་ནི་ཕོ་བྱ་དང་འདྲ།འོན་ཀྱང་སྟོད་ལ་མདོག་སྨུག་སྐྱ་དང་།གཤོག་པར་ཁྲ་ཐིག་ཡོད་པ།སྨད་ཀྱི་མདུན་ཕྱོགས་མདོག་སྨུག་སྐྱ་དང་རྒྱབ་ཕྱོགས་མདོག་དཀར་པོ་ཡིན།

     སྐྱ་ཀ་བྱིའུ་དེ་རྒྱལ་ནང་དུ་འབྲི་ཆུའི་འབབ་རྒྱུད་དང་ལྷོ་ཕྱོགས་ས་ཁུལ་དུ་རྒྱ་ཁྱབ་ཏུ་ཁྱབ་ཡོད།སྐྱ་ཀ་བྱིའུ་ནི་གྲུང་ཤ་དོད་ཅིང་འགུལ་རྒྱུར་དགའ་བ་ཞིག་ཡིན་པས།ལྟོ་འཚོལ་བར་རྒྱུན་དུ་རྔ་མ་གཡུག་པ་དང་།དུས་བཞིའི་དབྱེ་བ་མེད་པར་ཉིན་མཚན་གཉིས་སུ་སྡོང་བོའི་ཡལ་ག་དང་ཡང་ན་ཐོག་བརྩེགས་ཁང་ཆེན་གྱི་གྱང་ལྡེབས་སུ་བྱིའུ་སྐད་སྒྲོག་གི་ཡོད།

     གྲོང་སྡེ་དང་ཁྱིམ་ཚང་གི་ཉེ་འགྲམ་གྱི་ལྡུམ་ར་དང་།འདེབས་གསོའི་ས་རྒྱུད།ཡང་ན་སྡོང་འགྲམ་གྱི་སྡོང་ཕྲན་ནགས་རྫོབ་བཅས་སུ་མཐོང་རྒྱུ་ཡོད་ལ།གྲོང་ཁྱེར་གྱི་ལྡུམ་རའི་ནང་དུའང་རྒྱུན་དུ་མཐོང་རྒྱུ་ཡོད།ཟས་ལ་འབུ་སྲིན་གཙོ་བོ་བྱེད་པ་དང་ཞོར་དུ་རྩྭ་འབྲས་དང་རི་སྐྱེས་ཤིང་འབྲས་ཉུང་ཙམ་ཟ་བ་རེད།

     སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་སྐྱ་ཀ་བྱིའུ་ནི་རྒྱུན་མཐོང་གི་འདབ་ཆགས་ཤིག་ཡིན།