འབའ་བྲོས་ཀྱི་དར་བཤད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དེ་རིང་གནམ་ལ་སྐར་མ་བཟང་།

དེ་རིང་ས་ལ་དུས་ཚོད་བདེ།

དེ་རིང་བར་ལ་ཚེས་གྲངས་བཟང་།

བཟང་གསུམ་བཟང་གི་རྟེན་འབྲེལ་ཡིན།
བཀྲ་ཤིས་བཀྲ་ཤིས་གནམ་ལ་བཀྲ་ཤིས།

གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས།

གཟའ་སྐར་མང་པོ་ཚོགས་ཀྱི་འཁོར་བའི་རྟེན་འབྲེལ་ཡིན།

བཀྲ་ཤིས་བཀྲ་ཤིས་བར་ལ་བཀྲ་ཤིས།

བར་ལ་བཀྲ་ཤིས་དཀོན་མཆོག་གསུམ།

དཀོན་མཆོག་གསུམ་གྱི་ཚོགས་ཀྱི་འཁོར་བའི་རྟེན་འབྲེལ།

བཀྲ་ཤིས་བཀྲ་ཤིས་ས་ལ་བཀྲ་ཤིས།

ས་ལ་བཀྲ་ཤིས་འབྱུང་བ་ལྔ།

མེ་ཆུ་ས་རླུང་ཚོགས་ཀྱི་འཁོར་བའི་རྟེན་འབྲེལ་ཡིན།

ཁ་དར་བཀྲ་ཤིས་ཁ་དར།

ཁ་གང་ཁ་ཚང་།

བཀྲ་ཤིས་དར་བརྒྱད་བརྒྱད་ཡང་ཚང་།

རྒྱལ་སྲིད་སྣ་བདུན་བདུན་ཡང་ཚང་།

ཚེ་རིང་རྣམ་དྲུག་དྲུག་ཡང་ཚང་།

ཆུང་གིས་ཆེ་ལ་གཏོང་ནས་མཇལ་དར་ཡིན། 

ཆེ་ཡིས་ཆུང་ལ་གཏོང་ནས་ཡར་དར་ཡིན། 

ཁ་དར་བཀྲ་ཤིས་ཁ་དར་གནམ་ས་བར་གཉིས་ཀྱི་དྲུབ་སྐུད་ཡིན།