དམར་ཏིག་བྱིའུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   དམར་ཏིག་བྱིའུ་ནི་བྱིའུ་དབྱིབས་ནང་གི་བྲག་བྱིའུ་ཚན་གྱི་ཁོངས་སུ་གཏོགས་ཤིང་ལུས་པོ་སྤྱིའི་རིང་ཚད་ལ་ལི་སྨི་15ཙམ་ཡོད།  ཕོ་བྱའི་སྟེང་གི་སྒྲོ་མདོག་སྨུག་སྐྱ་ཡིན།   ཐོད་པ་དང་ཁ་ཤའི་ཉེ་འཁོར་གྱི་མདོག་ནག་པོ་ཡིན།   མགོ་ནས་རྐེད་རྒྱབ་བར་སྐྱ་ཤས་ཆེ།  ལུས་སྨད་ཀྱི་བྲང་གཞུང་དང་ལྟོ་བར་སེར་མདངས་མངོན་ཡོད།    མོ་བྱ་ཡིན་ན་ལུས་སྟོད་ཀྱི་རྒྱབ་ཀྱི་སྤུ་མདོག་སྨུག་ནག་ཡིན་ལ།   བྲང་དང་ལྟོ་བ་སྨུག་སྐྱ་ཡིན།   དམར་ཏིག་བྱིའུ་ནི་གཙོ་བོ་ཀྲུང་གོའི་ལྷོ་ནུབ་དང་།  ནུབ་བྱང་། དབུས་རྒྱུད་ས་ཁུལ་བཅས་སུ་ཁྱབ་ཡོད་པ་དང་།   ཕྱི་རྒྱལ་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲས་ལྗོངས་དང་།  འབྲུག་ཡུལ། འབར་མའི་བྱང་རྒྱུད་བཅས་སུ་གནས་ཡོད།    བྱ་རིགས་འདི་ནི་རི་མཐོའི་སྡོང་ཕྲན་ནགས་རྫོབ་དང་།  ཁབ་ལྡན་མཉམ་བསྲེས་ནགས་ཚལ།  སྡོད་ཁང་མཐའ་འཁོར་གྱི་སྡོང་བོ།   རྨོ་ཞིང་འགྲམ་གྱི་ནགས་ཚལ་བཅས་སུ་འཚོ་ཞིང་།   རྒྱུན་དུ་ཁྱུ་ཚོགས་བཅུ་ལྷག་གིས་འགུལ་སྐྱོད་བྱེད་བཞིན་ཡོད་ལ།   ཟས་རིགས་ནི་གཙོ་བོ་རྩི་ཤིང་གི་ས་བོན་དང་འབྲས་བུ་ཡིན།   སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་དམར་ཏིག་བྱིའུ་ནི་རྒྱུན་མཐོང་གི་འདབ་ཆགས་ཤིག་རེད།