བྲག་བྱིའུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    བྲག་བྱིའུ་ཡི་གཟུགས་ཀྱི་རིང་ཚད་ལ་ལི་སྨི་16ཡོད། ཁ་སྦོམ་ཞིང་རྣོ་བ། སྒོར་སྙུང་དབྱིབས་སུ་མངོན་པ། བྱ་ཕོ་མགོ་ནས་རྒྱབ་ནག་པོ་དང་། རྒྱབ་ཏུ་ཁམ་སེར་གྱི་སྒྲོ་སྤུ་ཡོད། རྐེད་དཀར་པོ། གག་པ་དང་མགྲིན་པ། བྲང་ཁ་སེར་པོ། ལྟོ་བ་ནས་མཇུག་བར་སྒྲོ་དཀར་པོ་བཀབ་པ་དང་། གཤོག་པ་གཉིས་དང་རྔ་མ་མདོག་ནག་པོ། གཤོག་པའི་སྟེང་དཀར་ཁྲ་ཡོད། བྱ་མོ་དང་བྱ་ཕོ་གཉིས་ཕལ་ཆེར་འདྲ་བ་ཡིན།འོན་ཀྱང་ལུས་ཀྱི་ཁ་དོག་ནི་སྐྱ་བོ་ཡིན་པ་དང་། སྟེང་དུ་ཁམ་མདོག་ཡིན་ལ་ནག་ཐིག་ཡོད་པ། མགོ་དང་ལྟག་རྒྱབ་དུ་སྒྲོ་སྤུ་ནག་པོ་དང་མགོ་དང་སྐེ་གཞོགས་སྐྱ་བོ།རྐེད་དཀར་བཅས་ཡོད་པ་རེད།

    རྒྱལ་ནང་དུ་གཙོ་བོ་ཧེ་ལུང་ཅང་དང་།ཅི་ལིན།ལིའོ་ཉིན།ཧོ་པེ།པེ་ཅིང་།ནང་སོག་གི་བྱང་ཤར་རྒྱུད་དང་ཤར་ལྷོ་རྒྱུད།ཧོ་ནན།ཧྲའན་ཞི།ཧྲན་ཞི་བཅས་སུ་གནས་ཤིང་།ལྷོ་ཕྱོགས་འབྲི་ཆུའི་འབབ་རྒྱུད་དང་འབྲི་ཆུ་འབབ་རྒྱུད་ལྷོ་ཕྱོགས་ཀྱི་ཞིང་ཆེན་ཁག་ཏུ་གནས་ཡོད།སྐྱེ་འཕེལ་དུས་སུ་འགུལ་སྐྱོད་བྱེད་པ་ལས་གཞན། དུས་ཚིགས་གཞན་པ་ཁྱུ་ནས་ནས་འདུགལྷག་པར་དུ་གནས་སྤོ་བའི་དུས་སུ་རྒྱུན་པར་ཁྱུ་ཚོགས་ཆེན་པོ་འདུས་པ།དགོང་མོ་མང་ཆེ་བ་སྡོང་བོའི་ཐོག་ཞག་སྡོད་བྱེད་ཀྱི་ཡོད།

    གཙོ་བོ་རྩྭ་དང་།ཤིང་འབྲས།ས་བོན་སོགས་རྩི་ཤིང་རང་བཞིན་གྱི་བཟའ་བཅའ་ཟ་གི་ཡོད།ལྷག་པར་དུ་རྩྭ་ལྡུམ་གྱི་ས་བོན་ཟ་རྒྱུར་དགའ་བ་མ་ཟད།ལྗོན་ཤིང་གི་ས་བོན་དང་འབྲས་བུ་ཡང་ཟ་གི་ཡོད།སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྲག་བྱིའུ་ནི་གཙོ་བོ་དགུན་དུས་གྱི་དུས་བྱ་ཡིན་པ་རེད།