ལོ་སར་རིང་སུམ་རྩེན་གླིང་དུ་ཡུལ་སྐོར་བ་ཇེ་མང་དུ་སོང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རིམས་འགོག་བྱ་ཐབས་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་ཆེ་གྲས་ཁག་གི་དཔལ་འབྱོར་རིམ་བཞིན་འཁྲུག་པོར་ཕྱིན་ཡོད།

    ཟླ་2པའི་ཚེས་16ཉིན་གསར་འགོད་པས་དགའ་ལྡན་སུམ་རྩེན་གླིང་གི་མཛེས་ལྗོངས་ཁུལ་དུ་དེ་སྔོན་ལྟར་ཡུལ་སྐོར་བ་ཁེངས་ཤིང་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མེད་ཀྱང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་ཀྱི་ཡོད་ལ།དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་དོ་དམ་ལས་དོན་ནན་དུ་གཏོང་བ་དང་དུས་མཚུངས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཡུལ་སྐོར་བར་སྐྱིད་སྣང་ལྡན་ལ་བློ་བདེ་བའི་ཡུལ་སྐོར་ཁོར་ཡུག་ཅིག་བཏོད་ཡོད་པ་མཐོང་བྱུང་།ཁྲེང་ཏུའུ་ནས་ཡིན་པའི་སྐུ་ཞབས་ཝུའུ་ལགས་དང་བུད་མེད་ཚའོ་གཉིས་ཀྱིས་ད་ལོའི་དཔྱིད་གསར་དུས་ཆེན་ནི་སེམས་ཀྱི་ཉི་ཟླ་ནས་རོལ་བ་རེད།དེ་རིང་དགའ་ལྡན་སུམ་རྩེན་གླིང་དུ་སེམས་ཀྱི་ཉི་ཟླའི་ཆོས་ལུགས་རིག་གནས་མྱོང་ཚོར་བྱས་པ་མ་ཟད།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཁོར་ཡུག་ཧྲིལ་པོར་བསྔགས་བརྗོད་ཀྱང་བྱས་པ་རེད།བུད་མེད་ཚའོ་ཡིས་ན་ནིང་སེམས་ཀྱི་ཉི་ཟླར་ལོ་གསར་གཏོང་འདོད་ཡོད།བློ་ཕངས་པ་ཞིག་ལ་རིམས་ནད་བྱུང་བའི་རྐྱེན་གྱིས་རེ་འདུན་མངོན་འགྱུར་བྱུང་མ་ཐུབ།  ད་ལོར་རིམས་ནད་གཞི་རྩའི་ཐོག་ནས་ཚོད་འཛིན་བྱུང་ཡོད་པས།ལོ་གསར་གྱི་གུང་གསེང་ནང་རང་ཉིད་ཀྱིས་རླངས་འཁོར་བཏང་ནས་སེམས་ཀྱི་ཉི་ཟླར་ཡོང་བ་ཡིན།དེར་སླེབས་རྗེས་ཚོར་སྣང་དང་པོ་ནི་དངོས་གནས་ཧ་ཅང་གཙང་མ་དང་བག་ཕེབས་པ་ཞིག་རེད།མགྲོན་ཁང་མངགས་རྒྱུ་ཡང་སྟབས་ཧ་ཅང་བདེ།མ་གཞི་ཉིན་གཉིས་ལས་འདུག་རྩིས་མེད་མོད།ད་ཆ་འཆར་གཞི་བསྒྱུར་ཟིན་པས།ང་ཚོ་ཉིན་ཁ་ཤས་ལ་འདིར་བསྡད་ནས་འདི་གའི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་ཡག་པོ་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད་བྱུང་།

    རྒྱུས་ལོན་བྱུང་བ་ལྟར་ན།དགའ་ལྡན་སུམ་རྩེན་གླིང་དུ་ཟླ2པའི་ཚེས10ཉིན་(ལོ་གསར་ཚེས་30ཉིན)ཡུལ་སྐོར་བ་116་སྣེ་ལེན་བྱས་པ་ནས་རིམ་བཞིན་མང་དུ་སོང་སྟེ།ཚེས་15ཉིན(ལོ་གསར་ཚེས་4ཉིན)ཡུལ་སྐོར་བ་མི་1895སྣེ་ལེན་བྱས།ཉིན་ལྔའི་ནང་ཡུལ་སྐོར་བ་སྣེ་ལེན་ཞུས་པའི་མི་གྲངས་བསྡོམས་འབོར་4520ཟིན་པ་དེའི་ནང་ཁ་ཐོར་ཡུལ་སྐོར་བའི་མི་གྲངས་92%ཙམ་ཟིན་ཡོད་པ་རེད།