ཆུ་བྱིའུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཆུ་བྱིའུ་རིང་ཚད་ལ་ཕལ་ཆེར་ལི་སྨི་17ཡོད།ཐལ་མདོག་ལ་གཞུང་རིས་དང་མགོ་ལ་རི་མོ་ཕྲ་མོ་ཡོད།སྨིན་མའི་རི་མོ་མངོན་གསལ་ཡིན་པ་དང་།  སྟེང་གི་སྐྱུ་རུ་རར་ཁམ་མདོག་གི་གཞུང་རིས་ཡོད།ལུས་སྨད་ཀྱི་ཁམ་མདོག་དཀར་པོ་དང་། བྲང་དང་དཔྱི་ལ་ཁམ་མདོག་གི་གཞུང་རིས་ཡོད།སྐྱེ་འཕེལ་དུས་ཀྱི་ཆུ་བྱིའུ་བྲང་ཁར་མདོག་དམར་པོ་ཅུང་ཙམ་ཡོད།བྱ་མོ་དང་བྱ་ཕོའི་ཕྱིའི་རྣམ་པ་འདྲ།དབྱར་དུས་སུ་ཀྲུང་གོའི་ནུབ་བྱང་རྒྱུད་དུ་སྐྱེ་འཕེལ་དང་སྟོན་དུས་འབྲི་ཆུའི་ལྷོ་ཕྱོགས་སུ་དགུན་སྐྱེལ་བ།གཙང་པོ་དང་མཚེའུ།འདམ་རྫབ་ཉེ་འགྲམ་གྱི་བཞའ་ཚན་ཆེ་བའི་རྩྭ་ཐང་དང་འདམ་ས།ཞིང་ཁ་སོགས་སུ་ཟས་འཚོལ་བར་དགའ།

     ཆུ་བྱིའུ་ལྟོ་ཟན་གཙོ་བོ་ནི་འབུ་སྲིན་ཡིན་པ་དང་ཞོར་དུ་རྩྭ་འབྲུ་ཟ་བ།ཁེར་རྐྱང་ངམ་ཁྱུ་ཆུང་བྱས་ནས་འགུལ་སྐྱོད་བྱེད་པ་དང་།གནས་སྤོ་བའི་དུས་ཚིགས་སུ་ཁྱུ་བྱས་ནས་གནས་སྤོ་བ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ཆུ་བྱིའུ་ནི་དཔྱིད་ཀ་དང་སྟོན་ཁའི་གནས་སྤོའི་དུས་ཚིགས་སུ་རྒྱུན་དུ་མཐོང་ཐུབ་བའི་བྱ་རིགས་ཞིག་ཡིན་པ་རེད།