སྤང་བྱིའུ་ཟིང་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   སྤང་བྱིའུ་ཟིང་དམར་གྱི་གཟུགས་པོའི་རིང་ཚད་ལ་ལི་སྨི་15ཙམ་ཡོད་པ་དང་།ཕྱི་དབྱིབས་ནི་སྡོང་བྱིའི་དང་འདྲ་མོད།འོན་ཀྱང་སྡེར་མོའི་རྒྱབ་ངོས་ནི་རྐང་མཛུབ་ཕྱི་མ་ལས་མངོན་གསལ་གྱིས་རིང་བ་དང་།སྟོད་ཀྱི་སྐྱུ་རུ་ར་སྐྱ་མདོག་ཡིན།རྒྱབ་ཏུ་ཁ་དོག་སྨུག་པོའི་གཞུང་ཐིག་ཡོད།གཤོག་སྒྲོ་གཉིས་ཀྱི་མཐའ་སྐྱ་མདོག་ཡིན་པ་དང་ཐིག་ཤར་དཀར་པོ་ཆགས་ཡོད།སྐྱེ་འཕེལ་སྒྲོ་འོག་གི་བྲང་ཁའི་མདོག་ནི་རྒུན་འབྲུམ་དམར་པོ་ཡིན་པས་གཞུང་རིས་ནག་པོ་མེད།སྐྱེ་འཕེལ་མ་ཡིན་པའི་སྒྲོ་ཡི་བྲང་ཁར་རི་མོ་ནག་པོ་ཡོད་ལ།རྒུན་འབྲུམ་དམར་པོ་ཅུང་སྲབ་མོད།མོ་བྱ་དང་ཕོ་བྱའི་ཕྱི་དབྱིབས་འདྲ་བ་རེད།

    སྤང་བྱིའུ་ཟིང་དམར་ནི་ཀྲུང་གོའི་ནུབ་བྱང་རྒྱུད་དུ་སྐྱེ་འཕེལ་བྱུང་བ་དང་།འབྲི་ཆུའི་ལྷོ་ངོས་སུ་དགུན་བརྒལ་བ།རི་ལྡེབས་ཀྱི་རྩྭ་ཐང་དང་ཞིང་ཁ་སོགས་སུ་འཚོ་སྡོད་བྱེད་པ།སྐབས་འགར་ནགས་ཚལ་གྱི་མཐའ་དང་སྡོང་ཐུང་ནགས་ཚལ་གྱི་རྒྱུད་དུ་མཐོང་རྒྱུ་ཡོད་ལ།ཁེར་རྐྱང་ངམ་ཁྱུ་སྒྲིག་ནས་ས་སྟེང་དུ་ཟས་འཚོལ་བཞིན་ཡོད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་སྤང་བྱིའུ་ཟིང་དམར་ནི་དཔྱིད་ཀ་དང་སྟོན་དུས་ཀྱི་གནས་སྤོའི་དུས་ཚིགས་སུ་དུས་རྒྱུན་མཐོང་ཐུབ།