རྟ་བྱིའུ་སྒྱིད་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

    རྟ་བྱིའུ་སྒྱིད་གཟུགས་ཀྱི་གཟུགས་པོའི་རིང་ཚད་ལ་ལི་སྨི་20ཙམ་ཡོད་པ་དང་། དཔྲལ་པ་དང་ངོ་གདོང་དཀར་པོ་དང་། མགོ་དང་མཇིང་ནག་པོ། ལུས་ཀྱི་སྒྲོ་སྟེང་གི་མདོག་སྐྱ་བོ་དང་། སྨད་ཀྱི་མདོག་དཀར་པོ། གཞོགས་གཉིས་དང་རྔ་མ་ནི་མདོག་དཀར་ནག་འདྲེས་མ་ཡིན་པ་རེད།དགུན་དུས་མགོ་བོ་དང་སྐེ་རྒྱབ། བྲང་ངོས་བཅས་ལ་ཁྲ་ཐིག་ནག་པོ་ཡོད་ཀྱང་སྐྱེ་འཕེལ་གྱི་དུས་ལས་ཞན་པ་རེད། ནག་པོའི་མང་ཉུང་ནི་རིགས་རྒྱུད་གཉིས་པ་དང་བསྟུན་ན་མི་འདྲ་བ་རེད། རྟ་བྱིའུ་སྒྱིད་གཟུགས་དུས་རྒྱུན་དུ་ཁེར་རྐྱང་དུ་གྲུབ་པའམ་ཡང་ན་བྱིའུ་གསུམ་ནས་ལྔའི་བར་གྱི་ཚོགས་ཆུང་བྱས་ནས་བྱ་འགུལ་བྱེད་པ་རེད། གནས་སྤོ་བའི་དུས་སུའང་10ལྷག་ནས་20ལྷག་ཟིན་པའི་ཁྱུ་ཆེན་པོར་མཐོང་རྒྱུ་འདུག མང་ཆེ་བ་ས་སྟེང་དང་བྲག་རྡོའི་སྟེང་དུ་འཚོ་བ་དང་། སྐབས་འགར་སྡོང་ཐུང་ངམ་སྡོང་ཕྲན་སྟེང་དུ་འཚོ་བ་དང་། མང་ཆེ་བ་ནི་ཆུ་འགྲམ་དང་ཆུ་ཁོངས་ཉེ་འགྲམ་གྱི་རྩྭ་ཐང་དང་། ཞིང་ཁ། རི་རྒོད་དམ་ལམ་འགྲམ་དུ་འགུལ་སྐྱོད་བྱེད་པ། ཡང་ན་ས་ཐོག་ཏུ་དལ་བུར་འགྲོ་བ་དང་། ཡང་ན་རྒྱུག་པའི་སྒོ་ནས་ལྟོ་འཚོལ་གྱི་ཡོད། མི་དང་འཕྲད་ན་གསེག་ནས་འཕུར་ཞིང་འཕུར་ཞོར་དུ་བྱིའུ་སྐད་སྒྲོག་པ་རེད།

    རྟ་བྱིའུ་སྒྱིད་གཟུགས་ཀྱིས་དུས་ཚོད་མང་ཆེ་བར་ས་ངོས་སུ་འགུལ་སྐྱོད་བྱེད་ཅིང་། སྡོང་མགོར་འགྲོ་བ་ཅུང་ཉུང་། འགུལ་སྐྱོད་བྱེད་དུས་ཁང་བྱིའུ་དང་འདྲ་བར་གོམ་པ་རྒྱག་པ་མ་ཡིན་པར། ཤིན་ཏུ་མགྱོགས་པའི་ངང་ནས་གོམ་པ་སྤོས་ཏེ། རྔ་མ་རིང་པོ་གོང་འོག་གཡོ་འགུལ་བྱེད་པའི་གོམས་གཤིས་ཡོད། དེ་ནི་རྒྱུན་དུ་འགུལ་སྐྱོད་བྱེད་པར་མི་དགའ་ཞིང་། རྒྱུན་པར་སྐད་ཅོར་མི་རྒྱག  སྐྲག་ནས་འཕུར་སྐབས་ཞི་འཇམ་གྱི་སྐད་སྒྲ་སྒྲོག།འཕུར་སྐྱོད་ཀྱི་བགྲོད་ལམ་དེ་གློ་བུར་དུ་མཐོ་ཞིང་གློ་བུར་དུ་དལ་ལ་དམའ་བའི་རླབས་དབྱིབས་སུ་མངོན་པས།དབྱེ་འབྱེད་བྱེད་སླ་བ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ། རྟ་བྱིའུ་སྒྱིད་གཟུགས་ནི་རྒྱུན་མཐོང་གི་འདབ་ཆགས་ཤིག་རེད།