ལོ་སར་སྐབས་ཤམ་བྷ་ལ་སྤྱི་གླིང་དུ་འདུ་འཛི་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ད་ལོའི་དཔྱིད་གསར་དུས་ཆེན་རིང་རིམས་ནད་ཀྱི་རྐྱེན་པས་སྤྲོ་སྐྱིད་ལྡན་པའི་ཤམ་བྷ་ལ་ཞེས་པ་སོགས་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་མེད་པར་བཟོས་པ་དང་།ཤམ་བྷ་ལ་སྤྱི་གླིང་དེ་ལོ་སར་རིང་གྲོང་མིའི་སྤྲོ་གསེང་ལུས་རྩལ་གྱི་གནས་བཟང་ཞིག་ཏུ་གྱུར་ཡོད།

    ཟླ་2པའི་ཚེས་14ཉིན་གསར་འགོད་པས་ཤམ་བྷ་ལ་སྤྱི་གླིང་དུ་གྲོང་མི་མི་ཉུང་བ་ཞིག་སྤྱི་གླིང་དུ་འཆམ་འཆམ་དུ་བསྐྱོད་པའམ་ཡང་ན་མཛེས་ལྗོངས་ལ་ལྟ་བཞིན་ཡོད་པ་མཐོང་བྱུང་།ཁྱིམ་མི་གང་པོས་དཔྱིད་གསར་དུས་ཆེན་གྱི་སྤྲོ་སྣང་ཉམས་སུ་མྱོང་བཞིན་ཡོད།མི་རྣམས་ཀྱིས་གཉེན་ཉེ་དང་འགྲོགས་ནས་གྲོང་ཁྱེར་གྱི་དགའ་འོས་པའི་འགྱུར་ལྡོག་ལ་བསྔགས་བརྗོད་དང་།ལོ་གསར་གྱི་རེ་བ་དང་རེ་སྒུག་ལྷུག་པོར་གླེང་བ་རེད།

    སྤྱི་གླིང་གི་དམངས་ཡོངས་ལུས་སྦྱོང་ཁུལ་དུ་གྲོང་མི་མི་ཉུང་བ་ཞིག་གིས་དེ་གར་ལུས་རྩལ་སྦྱོང་བཞིན་ཡོད་པ་དང་།ལ་ལས་ལན་ཆིའུ་སྤོ་ལོ་རྒྱག་པ་དང་བྲག་འཛེག་སོགས་བྱས་ནས་ལུས་རྩལ་གྱི་སྤྲོ་སྣང་ལོངས་སྤྱོད་བྱེད་ཀྱི་ཡོད་པ་རེད།ཆ་ཚང་བའི་སྒྲིག་ཆས་དང་གདམ་ག་སྣ་ཚོགས་ཀྱིས་སེམས་ཀྱི་ཉི་ཟླ་ནས་ལོ་སར་གཏོང་བའི་གྲོང་མི་ཚོར་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།འཆམ་འཆམ་དུ་འགྲོ་བཞིན་པའི་གྲོང་མི་སྐལ་བཟང་གྱིས་ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་འཛུགས་སྐྲུན་ཐད་གནམ་ས་བླ་འོག་ཏུ་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།ཤམ་བྷ་ལ་སྤྱི་གླིང་ཆེན་པོའི་ནང་སྒྲིག་ཆས་ཧ་ཅང་ཆ་ཚང་པོ་ཡོད་པ་དང་ཐང་ཆེན་འགྲམ་གྱི་ལག་པ་འཁྲུ་སའི་སྟེགས་བུ་ཚང་མ་ཆུ་ཚ་པོ་ཡོད་པས། དངོས་གནས་བཀོད་སྒྲིག་ཡག་པོ་བྱས་འདུག ང་ཚོས་གནས་འདི་ནས་སྟབས་བདེ་དང་སྣོད་བཅུད་ཀྱི་མཛེས་པའང་ཚོར་བྱུང་། གནས་འདི་ནི་ལོ་སར་དང་དུས་ཆེན་རིང་འགྲོ་ས་བཟང་པོ་ཞིག་རེད་ཅེས་བཤད།