ལོ་སར་སྐབས་སུ་རིམས་འགོག་ལྷོད་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-14   རྩོམ་ཁུངས།    རྔ་བ་བོད་སྐད་བརྙན་འཕྲིན།

ཁྱིམ་བཟའ་ཚང་འཛོམས་པའི་དུས་བཟང་འདིར་རིམས་འགོག་བྱ་བ་ལྷོད་མི་རུང་།

✔ ཉིན་རྒྱུན་ལག་པ་གཙང་མ་ཁྲུས།

✔ ཁྱིམ་དུ་རླུང་རྒྱུ་རུ་ཆུགས།

✔ དུས་ལྟར་གཙང་སྦྲ་བྱོས།

✔ ཟས་རིགས་ཚོས་རློན་དབྱེ་བ་ཁ་གསལ་བྱོས།

✔ ཟས་རིགས་ཚོས་པར་བྱས་ནས་ཟོ།

ཐུན་གསུམ་ཟས་ལ་རོལ་བའི་དུས་སྤྱི་ཐུར་སྤྱི་ཐོམ་བེད་སྤྱོད་བྱོས།

✔ མིའི་གྲངས་ཀ་ལྟར་བཟའ་བཏུང་གྲ་སྒྲིག་བྱོས།

✔ བཟའ་མི་དག་ལ་ཕོར་ཆས་གཏན་འཁེལ་བྱེད་དགོས།

✔ རང་འགུལ་ངང་སྤྱི་ཐུར་སྤྱི་ཐོམ་བེད་སྤྱོད་དགོས།

དྲ་ལམ་ནས་ལོ་སར་འཚམས་འདྲི་ཞུས་ཏེ་རང་ཁྱིམ་ནས་ལོ་སར་བྱས་ན་བདེ་འཇགས་ཡིན།

✔ རང་ས་གནས་ནས་ལོ་སར་བྱས་ན་བཟང་།

✔ མི་མང་འདུ་མི་རུང་ལ། རུ་ཉུལ་བྱེད་མི་རུང་།

✔ སྐད་འཕྲིན་དང་དྲ་བ། ཁ་པར་སོགས་བརྒྱུད་ནས་ལོ་སར་འཚམས་འདྲི་བྱོས།

ཕན་ཚུན་འཚམས་འདྲི་བྱེད་དགོས་ཀྱང་མཇལ་འཕྲད་སྐབས་སུ་བར་ཐག་འཇོག་དགོས།

✔ ལོ་སར་འཚམས་འདྲི་ངག་ནས་ཞུ་བ་ལས་ལག་པ་འཕྲད་པར་མི་བྱ།

✔ གཞན་དང་བར་ཐག་རྨིད་གཅིག་ཡན་འཇོག་དགོས།

ཆམ་པ་ཕོག་པ་དང་ཚ་རྒྱས་པ་སོགས་བྱུང་དུས་རང་འགུལ་ངང་སྙན་ཞུ་དང་སྨན་བཅོས་བྱེད་དགོས། 

✔ཚ་རྒྱས་པའི་ནད་རྟགས་བྱུང་དུས། དུས་ལྟར་སྡེ་ཁུལ་ལ་འབྲེལ་བ་བྱེད་དགོས།

✔སྡེ་ཁུལ་གྱི་ལས་བྱེད་པའི་བཀོད་སྒྲིག་འོག ཚ་བརྟག་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།

✔རང་འགུལ་ངང་རང་ཉིད་ཀྱི་འགྲོ་འོང་གི་གནས་ཚུལ་དང་ནད་པར་ཐུག་འཕྲད་ཀྱི་གནས་ཚུལ་གསལ་བོར་བཤད་དགོས།

✔སྨན་བཅོས་ཀྱི་ལམ་བར་ནས་ཁ་ཐུམ་རྒྱག་པ་དང་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ནང་མ་བསྡད་ན་བཟང་།

རང་གི་འགོག་སྲུང་བྱ་བ་ལེགས་པར་བསྒྲུབ་ནས་བདེ་ཐང་ངང་ལོ་སར་ལ་རོལ།

“ངེས་མཁོ་གསུམ”

✔ ཁ་ཐུམ་རྒྱག་པ།

✔ ལག་པ་བཀྲུ་བ།

✔ བར་ཐག་རྨིད་གཅིག་ཡན་འཇོག་པ།

“དགོས་པ་ལྔ”

✔ ད་དུང་ཁ་ཐུམ་རྒྱག་དགོས།

✔ ལུད་པ་དང་ཧབ་སྤྲིད་བྱེད་སྐབས་ཁ་སྣ་འགེབས་དགོས།

✔ ཐུག་འཕྲད་སྐབས་ད་དུང་བར་ཐག་འཇོག་དགོས།

✔ རྒྱུན་པར་ལག་པ་གཉིས་ཀ་བཀྲུ་དགོས།

✔ ག་དུས་ཡིན་ཀྱང་སྒེའུ་ཁུང་ཕྱེ་དགོས།