ཁ་བ་དཀར་པོའི་སྟེང་འཕྲོས་པའི་ཞོགས་པའི་ཉི་ཟེར་ཐོག་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    བོད་རབ་རྒྱན་ལྕགས་མོ་གླང་ལོའི་ལོ་སར་ཚེས་གཅིག་ཉིན་གྱི་ཞོགས་པའི་ཆུ་ཚོད་7:40ཐོག་ལོ་འདིའི་བཀྲ་ཤིས་པའི་དྲོད་འཇམ་གྱི་ཉི་ཟེར་ཐོག་མ་གནས་ཆེན་ཁ་བ་དཀར་པོའི་དབུ་རྩེ་མཐོན་པོའི་སྟེང་ལ་རྟེན་འབྲེལ་སྟོང་གི་མཛེས་རྒྱན་དུ་བྱོན་པ་ན།   ཉི་འོད་འོག་གི་ཁ་བ་དཀར་བོའི་མཛེས་སྡུག་ནི་ལྟ་བས་མི་ངོམས་པ་ཞིག་རེད་ཨང་། 

      མི་འགྱུར་སྲིད་པའི་གངས་རྒན་གནས་མཆོག་ཁ་བ་དཀར་པོའི་དྭངས་གཙང་ལྷད་མེད་ཀྱི་ཕུང་པོ་ལ་རིན་ཆེན་གསེར་གྱི་ཐིགས་པ་ལན་བརྒྱ་བྱུག་པ་བཞིན་ཉི་ཤར་གྱི་རྩེ་མོ་དང་རྟེན་འབྲེལ་གྱི་ཐོག་མ་འཛོམས་པའི་གོ་སྐབས་བཟང་པོ་འདི་ལ་བརྟེན་ནས་འདི་གའི་རྩོམ་སྒྲིག་པ་ཡོངས་ཀྱིས་རིགས་མཐུན་སྤུན་ཟླ་ཡོངས་ལ་ལོ་གསར་བའི་ནང་སྐུ་ལུས་བདེ་ཐང་དང་ཕྱྭ་གཡང་རང་འཁོར།བདེ་སྐྱིད་རྟག་བརྟན།བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།