བདེ་ཆེན་ནས་ཕུལ་བའི་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྡེ་ཁག་གི་རྩོམ་སྒྲིག་པ་ཡོངས་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་དྲ་གྲོགས་ལྷན་རྒྱས།བོད་ཆོལ་ཁ་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ལྕགས་མོ་གླང་ལོའི་བོད་ལུགས་ལོ་གསར་དང་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་བདེ་ཆེན་བོད་ཡིག་ཚགས་པར་དང་།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།བདེ་ཆེན་བོད་ཡིག་སྨྱན་སྦྱོར་སྟེགས་བུ།སེམས་ཀྱི་ཉི་ཟླAPPབཅས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ལོ་གསར་བའི་ནང་མུ་མཐུད་དུ་འདི་གའི་སྨྱན་སྦྱོར་ལས་དོན་ཁག་ལ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཤིན་ཏུ་ཆེ།འདིར་བདེ་ཆེན་གྱི་ཡུལ་མི་རྣམས་ཀྱིས་གནམ་ལོ་གསར་པའི་ནང་ཁྱེད་ཅག་གི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་། སྐུ་བསོད་རླུང་རྟ་རྒྱས་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུས་ཡོད།