བྱིའུ་རྔ་རིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་རྔ་རིང་ནི་བྱིའུ་དབྱིབས་ཀྱི་བྱ་བྱིའུ་ཚན་གྱི་འདབ་ཆགས་རིགས་ཡིན། གཟུགས་པོའི་རིང་ཚད་ལ་ལི་སྨི་༡༧ཡོད། ཕོ་མོ་མདོག་མི་འདྲ་སྟེ།སྐྱེ་འཕེལ་དུས་ཀྱི་ཕོ་བྱའི་གདོང་དང་།སྐེད་པ།བྲང་གི་ཁ་དོག་དམར་པོ། དཔྲལ་པ་དང་མཇིང་རྒྱབ་སྐྱ་བོར་གྱུར་པ་དང་།གཞོགས་གཉིས་ལ་མདོག་དཀར་པོ་མང་པོ་ཡོད། སྟོད་ལ་མདོག་སྨུག་ཅིང་ནག་པོ་ཙམ་ཡོད་པ་མ་ཟད་མཐའ་དམར་གྱི་གཞུང་རིས་ཡོད། སྐྱེ་འཕེལ་དུས་ཀྱི་ཕྱིའི་ཁ་དོག་ཅུང་སྐྱ་བོ་ཡིན། བྱ་མོ་སྐྱེས་མདོག་སྐྱ་བོ་དང་སྐེད་པ།བྲང་མདོག་ཁམ་ནག་ཡིན། 

    རྒྱལ་ནང་དུ་བྱང་ཤར་དང་།ནང་སོག ཉིང་ཞ། ཀན་སུའུ། ཤིན་ཅང་།ཧོ་པེ།སི་ཁྲོན།ཡུན་ནན་སོགས་སུ་ཁྱབ་ཡོད། གཙོ་བོ་རི་ཁུལ་དུ་འཚོ་ཞིང་།མང་ཆེ་བ་ནི་སྡོང་ཐུང་ནགས་ཚལ་དང་།ཚ་ཁུལ་ཕལ་བའི་རྒྱུན་ལྗང་ནགས་ཚལ།ལོ་མ་ཆེ་བའི་ནགས་ཚལ།ཁབ་དང་ལོ་མ་ཆེ་བའི་ནགས་ཚལ།ཐང་ཆེན།རི་མ་ཐང་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད། བྱིའུ་ཁེར་རྐྱང་ངམ་ཕན་ཚུན་ཁ་གཏད་དུ་འགུལ་སྐྱོད་བྱེད།བྱ་ཆུང་ཁྱུ་འབྲེལ། སེམས་ཀྱི་ཉི་ཟླའི་ཁུལ་དུ་བྱིའུ་རྔ་རིང་ནི་རྒྱུན་མཐོང་གི་འདབ་ཆགས་ཤིག་རེད།