ལོ་སར་རིང་སེམས་ཀྱི་ཉི་ཟླ་ནས་པར་རིས་དང་མེ་ཏོག་གི་འགྲེམས་སྟོན་ལ་བལྟ་ཆོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར།བདེ་ཆེན་གྱི་བརྙན་ཕབ་སྐྱེ་དངོས་སྣ་མང་རང་བཞིན་གྱི་པར་རིས་འགྲེམས་སྟོན་དང་སེམས་ཀྱི་ཉི་ཟླའི་དཔྱིད་དུས་མེ་ཏོག་སྐབས་དྲུག་པའི་འགྲེམས་སྟོན་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རི་མཐོའི་སྐྱེ་དངོས་གླིང་ནས་འགོ་ཚུགས་པ་དང་།འགྲེམས་སྟོན་དེ་ཟླ་12པའི་ཚེས་30ཉིན་བར་སྤེལ་རྒྱུ་རེད། ཐེངས་འདིའི་ཁུལ་ཡོངས་ཀྱི་བརྙན་ཕབ་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྲེམས་སྟོན་གྱི་བརྩམས་ཆོས་ནི་ཞིང་ཆེན་དང་ཁུལ་ཕྱི་ནང་གི་ཆེད་ལས་པར་ལེན་པ་དང་པར་ལེན་ལ་དགའ་པོ་བྱེད་མཁན་གྱིས་བཏང་བའི་བརྩམས་ཆོས་2000ལྷག་ཙམ་ཁྲོད་བདམས་ཐོན་བྱུང་བའི་བརྩམས་ཆོས་230འགྲེམས་སྟོན་བྱེད་ཅིང་།པར་རིས་འགྲེམས་སྟོན་ནང་རང་ཁུལ་གྱི་སྔོ་ཁེབས་མཛེས་ལྗོངས་དང་།སྐྱེ་དངོས་འདུས་ཚོམ།བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས། གཙང་པོ་དང་མཚེའུ།གངས་རིའི་འཁྱག་རོམ།དེ་བཞིན་མི་རིགས་གྲོང་ཚོ་སོགས་ཚུད་ཡོད་པ་རེད།

    དཔྱིད་དུས་ཀྱི་མེ་ཏོག་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པའི་མེ་ཏོག་གཙོ་བོ་འབའ་ལུང་རྫོང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མེ་ཏོག་གླིང་15ནས་ཡིན་པ་དང་།འགྲེམས་སྟོན་མེ་ཏོག་སྣ་ཁ་480ལྷག་ཙམ་ཟིན་གྱི་ཡོད།འགྲེམས་ཡུན་ཟླ་3པའི་ཚེས་31ཉིན་བར་ཡིན་པ་དང་འགྲེམས་ཡུན་རིང་བདེ་ཆེན་གྱི་གྲོང་མིར་སྒོ་འཛིན་མི་ལེན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རི་མཐོའི་སྐྱེ་དངོས་གླིང་གིས་ཁུལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སྐྱེ་དངོས་སྣ་མང་རང་བཞིན་དྲིལ་བསྒྲགས་དང་སྐོར་སྐྱོད་འགྲེམས་སྟོན་བྱས་ནས། རྒྱ་ཆེའི་སློབ་མ་ཚོར་བློ་སྒོ་ཕྱེ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་འཕེལ་བ་དང་དོ་ཁུར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་རེད།