གྲོ་བྱིའུ།​

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གྲོ་བྱིའུ་ཡི་སྤྱིའི་རིང་ཚད་ལ་ལི་སྨི་13ཡོད། བྱ་ཆུང་རིགས་ཀྱི་ཁོངས་སུ་གཏོགས།མཆུ་ནི་སྒོར་དབྱིབས་ཡིན་ལ། བྱིའུ་ཚན་གྱི་འདབ་ཆགས་རིགས་དང་བསྡུར་ན་ཅུང་ཕྲ་བ་དང་། གོང་འོག་གི་མཆུ་ཏོའི་མཐའ་ཅུང་དམ་ཞིང་ཕྲ་མོའི་ཕྱོགས་སུ་གུག་ཡོད་པས།ཐིག་གི་ནང་དུ་བར་གསེང་ཅུང་ཆེ་བ་ཡིན། ལུས་ཀྱི་སྒྲོ་ནི་ཁང་བྱིའུ་དང་འདྲ་ཞིང་། ཕྱི་ཡི་རྔ་སྒྲོ་ལ་མདོག་དཀར་པོ་ཅུང་མང་པོ་ཡོད། བྱ་ཕོ་བྱ་ཤ་ཡུས་ཀྱི་མགོ་ལ་ཁམ་དམར་ཞིག་ཡོད། མགོ་གཞོགས་ཐིག་དང་རྣ་སྒྲོའི་རྒྱབ་སྣེ་ནག་པོ་ཡིན་པ་དང་། སྟེང་གཟུགས་ཀྱི་ཁག་ལྷག་ལ་བྱེ་སྨུག་དང་། རྒྱབ་ལ་ནག་སྐྱའི་གཞུང་རིས་ཡོད། སྨད་གཟུགས་དཀར་ཤས་ཆེ་བ། བྲང་དང་མཆན་གྱི་སྒྲིག་ཆས་ནག་པོ་གཞུང་རིས་ཡོད། བྱ་ཕོ་དང་བྱ་མོ་ནི་དགུན་སྒྲོ་ཡི་ཁ་དོག་ཅུང་སྲབ་ལ། ཁ་དོག་ནག་པོ་ཅན་གྱི་གཞོགས་ངོས་མེད། སྤྱིར་བཏང་གཙོ་ཟས་རྩི་ཤིང་གི་ས་བོན་ཡིན།

    སེམས་ཀྱི་ཉི་ཟླའི་ས་ཁུལ་གྱི་རི་ཁུལ་དང་ནགས་ཚལ་དུ་ཁྱབ་ཡོད་པ་དང་གྲོ་བྱིའུ་ནས་རྒྱུན་མཐོང་གི་དགུན་ཁའི་དུས་བྱའི་རིགས་ཡིན།