དཀོན་མཆོག་ལ་རྒྱལ་ཡོངས་ཕུལ་བྱུང་ཞིང་པ་ལས་མིའི་གཟེངས་བསྟོད་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཀོན་མཆོག་ཆོས་འཕེལ། ཕོ། 1984ལོར་སྐྱེས་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རུང་སེ་ཆུས་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ། བདེ་ཆེན་སེམས་ཀྱི་ཉི་ཟླའི་སེག་ཆུས་གཞིས་ཀའི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་བྱས་པ། ཕུལ་བྱུང་གུང་ཁྲན་ཏང་ཡོན་བཅས་རེད།

    ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགོ་ཁྲིད་ཀྱིས་རང་ཁུལ་གྱི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་པ་ལས་མིའི་བྱ་དགའ་ཐོབ་མཁན་དཀོན་མཆོག་ཆོས་འཕེལ་ལ་ལག་ཁྱེར་དང་གཟེངས་རྟགས་སྤྲད་པ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རུང་སེ་ཆུས་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་རང་ས་ནས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ས་གནས་ཀྱི་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད། གྲོང་མིར་ལ་རིན་མེད་བྱ་ཕྲུག་སྤྲོད་པ་དང་། ལག་རྩལ་མཛུབ་ཁྲིད་དང་རྩལ་ནུས་གསོ་སྦྱོང་བྱེད་པ། གྲོང་མི་དང་མ་མཐའི་སྲུང་སྐྱོབ་རིན་གོང་གི་ཚུར་བསྡུའི་གན་རྒྱ་འཇོག་པ་བཅས་བྱས་ནས་གྲོང་མིར་བོད་བྱ་གསོ་ཚགས་བྱ་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་པ་དང་འབྲེལ་གཞོན་ནུ་དབུལ་པོ་མཉམ་ལས་ཁང་དུ་ལག་རྩལ་སྣ་གཅིག་སྦྱངས་ནས་ལས་གཏོད་དང་ལས་ཞུགས་བྱ་རྒྱུར་ཆ་རྐྱེན་གཏོད་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད། 2016ལོ་ནས་བཟུང་། གཏེར་མ་རུང་ཤང་གི་མང་ཚོགས་ལ་རིན་མེད་ངང་བྱ་ཕྲུག་500ལྷག་ཙམ་སྤྲད་པ་དང་ཞིང་དུད་1000ལྷག་ཙམ་དང་དུད་ཚང་དབུལ་པོ་100ལྷག་ཙམ་ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་6000བྱུང་ཡོད། ཁོང་གིས་རྟག་ཏུ་མི་གཅིག་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། གྲོང་ཚོ་དེ་ཡོངས་ཕྱུག་པོ་ཆགས་ན་ཕྱུག་པོ་ཆགས་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད།