དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་བསུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དེ་སྔ་ངེད་ཚང་ནི་གྲོང་ཚོའི་ནང་བལྟོས་བཅོས་ཀྱིས་དབུལ་ཕོངས་ཡིན་ཞིང་།ལོ་འདི་དག་གི་རིང་ལས་དོན་ཚོགས་ཆུང་གིས་རེས་མོས་བྱས་ནས་ང་ལ་རོགས་རམ་ཆེན་པོ་བྱས་བྱུང་།ཁང་པ་སྐྲུན་པ་མ་ཟད།བུ་ཡང་གཉེན་སྒྲིག་བྱས་པ་དང་དབུལ་པོའི་ཞྭ་མོའང་ཕུད་བྱུང་།ད་ལོ་ནི་བློ་བདེ་ཤོས་ཀྱི་ལོ་ཞིག་རེད།ད་ལྟ་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཡག་པོ་བྱས་ཡོད་པའི་ལོ་གསར་སྐྱིད་པོ་ཞིག་རོལ་རྒྱུ་ཡིན་ཞེས་བདེ་ཆེན་རྫོང་ཡུན་ལིན་ཤང་སྒང་ཉག་གྲོང་ཚོའི་གྲོང་མི་དབང་འདུས་ཀྱིས་བཤད།

    དབང་འདུས་ཚང་ལ་བཟའ་མི་དྲུག་ཡོད་དེ། ཁོང་བཟའ་ཟླ་གཉིས་དང་།ལོ་ན་བགྲེས་ཤིང་ན་མང་བའི་སྒྱུག་མོ།བུ་ཕྲུག་གཉིས།ཁྱིམ་དུ་ད་དུང་དབང་པོ་སྐྱོན་ཅན་གྱི་ཞང་ཆུང་ཞིག་ཡོད་པས་ཆུང་དུས་ནས་ལྟ་སྐྱོང་བྱ་དགོས།སྒྱུག་མོ་ཟླ་རེར་མ་མཐར་ཡང་ཐེངས་གཅིག་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།དུས་ཡུན་རིང་པོའི་གཅོང་ནད་ཀྱིས་རྒན་རྒོན་ལ་མནར་གཅོད་གཏོང་བ་དང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པ་དེའང་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད་ལ།མ་གཞི་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལའང་འགྲོ་གྲོན་ཆེན་པོ་ཞིག་བཏང་ཡོད།ཞང་བོའི་དུས་རྒྱུན་དུ་དབང་རྩའི་རང་བཞིན་གྱི་ནད་ཀྱིས་རྐྱེན་པས་གཤིས་ཀ་རྩུབ་ཅིང་མི་ལ་གཅར་རྡུང་དང་དངོས་པོ་བཅག་པས།དབང་འདུས་ཚང་སྐབས་དེ་དུས་ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཞིག་ཏུ་གྱུར་ཡོད།

    རྒྱུས་ལོན་བྱུང་བ་ལྟར་ན།དབང་འདུས་ཚང་གི་འགན་དཀྲིས་ཚན་པ་ནི་འཇོལ་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་རེད།ཁོང་གིས་དེ་སྔ་ངའི་འགན་དཀྲིས་ལས་བྱེད་པ་ནི་སྒྲོལ་མ་གཡང་འཛོམས་ཡིན།ཕྱིས་སུ་ན་གཞོན་ལས་བྱེད་པ་ཀུའོ་ཡན་ཧྭ་བརྗེ་ཡོད།ཁོང་གིས་ཁྱིམ་དུ་ཡོང་ནས་ང་ལ་དཀའ་ངལ་མང་པོ་ཞིག་བསལ་ཡོད་ཅེས་བཤད།ཁང་པ་སྐྲུན་སྐབས་ལས་དོན་ཚོགས་ཆུང་གིས་གཱ་སྤྱོད་མཁན་གྱི་ཁག་ཐེག་ལྟར་མ་དངུལ་སྒོར་ཁྲི་6སྤྲད་དེ་ཁོང་ལ་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་རོགས་བྱས་པ་མ་ཟད།གསང་སྤྱོད་ཁང་ཡང་འགན་དཀྲིས་ལས་བྱེད་པའི་རོགས་རམ་འོག་གཙང་ཞིང་མཛེས་པའི་དེང་རབས་ཚད་གཞི་ཅན་གྱི་གསང་སྤྱོད་ཁང་ཞིག་ཏུ་གྱུར་ཡོད།ནང་དུ་ད་དུང་ལུས་པོ་བཀྲུ་ས་ཡང་ཡོད་པ་རེད།ཚང་མའི་རོགས་རམ་འོག་དབང་འདུས་ཀྱིས་ད་ལྟ་དབུལ་པོའི་ཞྭ་མོ་ཕུད་པ་རེད།ན་ནིང་དབང་འདུས་ཚང་གི་ཁང་བ་ཐོག་བརྩེགས་གཉིས་ལྡན་གྱི་ངར་ལྕགས་མཉམ་བསྲེས་གྲུབ་ཆའི་སྡོད་ཁང་གསར་པ་སྐྲུན་པ་དང་།ཁྱོན་ཁང་མིག་8དང་འགྲུལ་ཁང་ཆེན་པོ་ཞིག་ཡོད་པ་མ་ཟད།ལས་ལ་བརྩོན་པའི་དབང་འདུས་ཀྱིས་ད་དུང་སྒོ་རའི་ནང་གི་ཟ་མ་གཡོ་སྦྱོར་བྱེད་སའི་ཁང་ཆུང་ཞིག་སྐྲུན་པ་རེད།ཁྱིམ་དུ་རླངས་འཁོར་དང་ཞིང་སྤྱོད་རླངས་འཁོར་ཉོས་འདུག ཟླ་སྔོན་མར་བུ་ཆེ་བོ་གཉེན་སྒྲིག་ཀྱང་བྱས་པ་རེད།བཀྲ་ཤིས་དོན་བཟང་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་དབང་འདུས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ད་ལོའི་དཔྱིད་གསར་དུས་ཆེན་དེ་ནི་ཆེས་སྤྲོ་སྣང་ལྡན་པའི་ལོ་གསར་ཞིག་རེད་ཅེས་བཤད་པ་རེད།

    དེ་སྔོན་ཁང་པ་རྙིང་ཞིང་བྱིས་པ་གཉིས་ཆུང་བ།ད་དུང་ནད་པ་གཉིས་ལ་བདག་སྐྱོང་བྱེད་དགོས་ཀྱི་ཡོད།སྔོན་ཆད་དཔྱིད་གསར་དུས་ཆེན་དེ་སྟབས་བདེའི་སྒོ་ནས་རོལ་བ་དང་།ད་ཆ་རང་ཉིད་ཀྱི་འཚོ་བ་ལེགས་སུ་ཕྱིན་པ་དང་།བྱིས་པ་གཉིས་ཀ་ཡང་ཕྱིར་སོང་ནས་ཡོང་འབབ་བཙལ་ཐུབ་པ་མ་ཟད།ཁྱིམ་དུ་རྒུན་འབྲུམ་དང་སྔོ་ཚལ་བཏབ་པའི་ཡོང་འབབ་ཀྱང་ཡོད།ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་10ཙམ་ཡོང་གི་ཡོད།ཁོང་གིས་ཞང་པོའི་ཁང་པ་ཡང་གཙང་ལ་གྲལ་འགྲིག་པ་ཞིག་བཀོད་སྒྲིག་བྱས་ཡོད་ཅིང་།བདེ་ཞིང་སྐྱིད་པའི་ཁོར་ཡུག་ལ་ལྟ་ན་ནད་པའི་ནད་གཞི་ཡང་ལེགས་སུ་ཕྱིན་ཡོད་ལ།ཅ་ལག་བཅག་ཀྱང་མི་ཕོད་པས།ནད་གཞི་ཇེ་བཟང་དུ་སོང་ནས་ནང་མི་ཚང་མའི་སེམས་པ་ཡང་སྐྱིད་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད་བྱུང་།

    དབང་འདུས་ཀྱིས་ངོ་སྤྲོད་བྱས་ན།ན་ནིང་ལོ་ཕྱེད་ལྷག་ཙམ་རིང་ཁོང་གིས་སེམས་ཀྱི་ཉི་ཟླར་གླ་རྒྱུག་པ་དང་།ཟླ་རེར་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ཡོང་གི་ཡོད།ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཡོང་གི་འདུགདེའི་ཐོག་ནང་མི་ཚང་མའི་ཡོང་འབབ་བསྣན་ཚེ།དབང་འདུས་ཚང་གིས་ལོ་གསར་སྐྱིད་པོ་ཞིག་རོལ་ཐུབ་པ་རེད།

    ཁོང་གིས་ད་ལྟ་དབུལ་ཞྭ་ཕུད་པ་དང་།དཀའ་ངལ་ཡང་སེལ་བས།མ་འོངས་པའི་འཚོ་བ་ཇེ་ལེགས་ནས་ཇེ་བཟང་དུ་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་བཤད་བྱུང་།